ནགས་ཕག་མཚོར་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་500ལས་བརྒལ་ཡོད་དེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱི་ཁྲུང་ཁྲུང་རིགས་མཉམ་འབྲེལ་སྲུང་སྐྱོང་ཨུ་ལྷན་གྱིས་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་དགུན་སྐྱེལ་བའི་ཁྲུང་ཁྲུང་རིགས་ཀྱི་བརྟག་དཔྱད་ལེགས་འགྲུབ་བྱུང་བ་དང་།  བརྟག་དཔྱད་བྱས་འབྲས་གཞིར་བཟུང་ན།  ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་510ཟིན་ཡོད་པ་དང་།  ན་ནིང་གི་དགུན་ཁ་ལས་123མང་དུ་ཕྱིན་ཡོད་ལ།  2004ལོར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་བཙུགས་དུས་ལས་220མང་དུ་ཕྱིན་ཡོད་དེ་འཕར་བའི་བསྡུར་ཚད་ནི་75.9%་ཡིན།   ཐེངས་འདིའི་བརྟག་དཔྱད་བྱས་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ནི་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་བཙུགས་ཚུན་གྱི་ཟིན་ཐོ་མཐོ་ཤོས་ཀྱང་ཡིན།  གཞན་ཡང་ཐེངས་འདིའི་བརྟག་དཔྱད་བྱས་སྐབས་ད་དུང་ཁྲུང་ཁྲུང་སྐྱ་བོ་46དང་ངང་པ་ནག་པོ་81ཟིན་ཐོར་བཀོད་ཡོད་པ་རེད།

        ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནགས་ཕག་མཚོ་འབབ་རྒྱུད་དུ་གནས་ཡོད་པའི་གནད་དོན་འབུར་ཐོན་དང་འགག་རྩའི་འཇུར་མིག་ལ་དམིགས་ནས་གཅིག་གྱུར་འཆར་འགོད་མ་ལག་གིས་ནགས་ཕག་མཚོ་འབབ་རྒྱུད་དུ་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྒྲིག་བྱས་པ་དང་།   མཚེའུ་གཅིག་གི་བཅོས་སྐྱོང་དེ་འབྱུང་ཁུངས་ཀྱི་བཅོས་སྐྱོང་དུ་འགྱུར་བར་སྐུལ་འདེད་བཏང་བ།  ནགས་ཕག་མཚོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྒྲིག་འགོ་ཚུགས་རྗེས།  ནགས་ཕག་མཚོའི་སྣོད་བཅུད་ཁོར་ཡུག་གི་སྤྱི་ཡོངས་ཀྱི་སྤུས་ཚད་གོམ་གང་མདུན་སྤོས་ཀྱིས་གོང་མཐོར་འགྲོ་རྒྱུ་ཡིན་པ་དང་།  ཁྲུང་ཁྲུང་སྐེ་ནག་དང་བྱ་རིགས་གཞན་དག་ལ་དེ་བས་སྤུས་ལེགས་ཀྱི་འཚོ་གནས་བྱ་ཡུལ་མཁོ་འདོན་བྱ་རྒྱུ་ཡིན།  

        སྣོད་བཅུད་དང་ལག་འཇུ་བྱེད་པ་དང་། བརླན་ས་དང་འཐམ་འཁྱུད་བྱེད་དེ།  ལྗང་མདོག་གིས་ནགས་ཕག་མཚོ་ལ་འོ་བྱེད་དུ་བཅུག་ལ།  བྱེའུ་རྣམས་དང་གནམ་སྔོན་པོ་ཞིག་མཉམ་བྱེད།   ནགས་ཕག་མཚོའི་སྲུང་མཁན་དག་གིས་མུ་མཐུད་དུ་འབད་པ་བྱས་ནས་རང་རྒྱལ་གྱི་ཁྲུང་ཁྲུང་རིགས་སྲུང་སྐྱོང་ལ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་པ་རེད།