དལ་གཤིས་ནད་རིགས་སྔོན་འགོག་བྱེད་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-12   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        དལ་གཤིས་ནད་རིགས་ཞེས་པ་ནི་འགོས་ནད་མ་ཡིན་པའི་དལ་གཤིས་ནད་རིགས་ཡོངས་ལ་གོ་བ་ལས། ནད་རིགས་གང་ཞིག་ལ་ཆེད་དུ་ངོས་བཟུང་བ་ཞིག་མིན་ལ། ནད་དེའི་རིགས་ནི་ནམ་ཞིག་ལ་བྱུང་བ་མི་ཤེས་ཤིང་ནད་ཡུན་རིང་བས་གསོ་བཅོས་བྱེད་ཡུན་ཡང་རིང་ཞིང་། ནད་རྐྱེན་བཙལ་དཀའ་བ་ཞིག་ཡིན། རྒྱུན་མཐོང་གི་དལ་གཤིས་ནད་རིགས་ལ་གཙོ་བོ་ཀླད་སྙིང་ཁྲག་རྩའི་ནད་རིགས་དང་འབྲས་སྐྲན་གྱི་རིགས།གཅིན་སྙི་ཟ་ཁུ།དལ་གཤིས་དབུགས་ལམ་མ་ལག་གི་ནད་རིགས་བཅས་ཡོད་ལ།ཀླད་སྙིང་ཁྲག་རྩའི་ནད་ཀྱི་ནང་དུ་ད་རུང་ཁྲག་ཤེད་མཐོ་བ་དང་པྲོག་དབྱིབས་སྙིང་ནད་སོགས་ཀྱང་འདུས།

        དལ་གཤིས་ནད་རིགས་སྔོན་འགོག་བྱེད་པར་གཤམ་གྱི་གནད་འདི་དག་ལ་མཉམ་འཇོག་ལེགས་པོ་བྱེད་དགོས།

图片

        བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་པ། དུས་རྒྱུན་གྱི་འཚོ་བའི་ཁྲོད།《ཀྲུང་གོའི་གཞིས་དམངས་ཀྱི་བཟའ་བཅའི་ཕྱོགས་སྟོན(2022)》ཀྱི་གྲོས་གཞི་བརྩི་སྲུང་བྱེད་དགོས་པ་སྟེ།སྣུམ་ཚྭ་དང་ཀ་ར་དང་ཚིལ་ཞག་ཉུང་བའི་ཟས་རིགས་བསྟེན་པ་དང་།ཤ་དམར་དང་ཆང་བཅུད།སྐོམ་ཆུ་སོགས་ཚོད་འཛིན་བྱས་ཏེ།སྔོ་ཚོད་དང་སིལ་ཏོག་གསར་པ་མང་དུ་བསྟེན་དགོས།ཟས་ཐུན་གསུམ་པོར་གང་ནུས་ཀྱིས་ཟས་སྣ་མི་འདྲ་བ་མང་པོ་བདམས་ཏེ།དུས་ཡུན་རིང་པོར་ཟས་སྣ་གཅིག་དང་ཡང་ན་འགའ་ཞིག་བསྟེན་པར་གཡོལ་དགོས།ཉིན་རེར་ཆ་སྙོམས་ཀྱིས་ཟས་སྣ12ཡན་བསྟེན་པ་དང་།གཟའ་འཁོར་རེར་ཟས་སྣ25ཡི་ཡན་བསྟེན་དགོས།

图片

        ལུས་སྦྱོང་འོས་འཚམ་བྱེད་པ། འགུལ་སྐྱོད་བྱེད་པ་ནི་ནུས་གྲོན་དོ་སྙོམས་དང་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པའི་རྨང་གཞི་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། འགུལ་སྐྱོད་མང་དུ་བྱས་ན་བདེ་ཐང་གི་ལུས་པོའི་ལྗིད་ཚད་སྲུང་འཛིན་བྱེད་ཐུབ་པར་མ་ཟད།གཟུགས་གཞི་བདེ་ཐང་ཡོང་བར་ཡང་ཕན་པ་ཡོད་ལ། ཀླད་སྙིང་ཁྲག་རྩའི་ནད་དང་འབྲས་སྐྲན་སོགས་ཤི་ཚད་མཐོ་བའི་ནད་རིགས་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།དུས་མཚུངས་སུ་སེམས་ཁམས་སྙོམས་སྒྲིག་བྱེད་པར་ཕན་པས།ཡི་མུག་དང་སེམས་འཚབ་པ་སོགས་ཀྱི་སེམས་ནད་ཞི་ལྷོད་དུ་གཏོང་ཐུབ། མི་སུ་ཞིག་ཡིན་རུང་ཉིན་རེར་འགུལ་སྐྱོད་ངེས་ཅན་ཞིག་བྱེད་དགོས་པ་ལས་ཡུན་རིང་དུ་ཙོག་མི་རུང་།

图片

        ཆང་དང་དུ་བ་གཅོད་པ།དལ་གཤིས་ནད་རིགས་སྔོན་འགོག་བྱེད་དགོས་ན།ངེས་པར་དུ་དུ་བ་གཅོད་པ་དང་ཆང་ཚོད་འཛིན་བྱེད་དགོས།དུ་བ་འཐེན་མཁན་གྱིས་དུ་བའི་ཉེས་དམིགས་ལ་ངོས་འཛིན་ལེགས་པོ་བྱས་ཏེ་བློ་ཐག་རྦད་ཆོད་ཀྱིས་དུ་བ་གཅོད་དགོས།དེ་དང་མཉམ་དུ་ད་རུང་དུ་བ་འཐེན་པའི་མི་དང་རིང་དུ་གྱེས་དགོས། ཆང་འཐུང་བ་ལའང་བཟང་ཆ་གཅིག་ཀྱང་མེད་པས། རབ་ཡིན་ན་མ་འཐུང་ན་བཟང་མོད།འོན་ཀྱང་གཅོད་མི་ཐུབ་ན་ངེས་པར་ཚོད་འཛིན་བྱེད་དགོས།
图片

    སེམས་ཁམས་བདེ་ཐང་ཡོང་བར་འབད་པ། ཧུར་བརྩོན་ཡར་སྐྱེད་ཀྱི་སེམས་ཁམས་རྒྱུན་སྲུང་བྱས་ཏེ།སེམས་ལ་གཡོ་འགུལ་ཆེན་པོ་མི་འབྱུང་བ་བྱེད་དགོས། རང་ཉིད་ཀྱིས་སེམས་ཁམས་སྙོམས་སྒྲིག་བྱེད་ཤེས་ལ། རྒྱུན་དུ་གྲོགས་པོ་དང་གཉེན་ཉེ་སོགས་ལ་ཁ་བརྡ་བྱས་ཏེ།སེམས་ནད་ཕྱི་རུ་ཕུད་པ་དང་ཡང་ན་སེལ་བར་བྱེད་དགོས། རང་སྟེང་ནས་སེམས་ཁམས་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་ན།རང་འགུལ་གྱིས་ཆེད་ལས་མི་སྣའི་རོགས་རམ་ལ་བསྟེན་དགོས།

图片

    གཉིད་ཀྱིས་འདང་བ། ཉིན་རེར་གཉིད་པའི་དུས་ཚོད་ཀྱིས་འདང་དགོས།འཚོ་བའི་གོམས་སྲོལ་ལེགས་པོ་ཞིག་སྐྱེད་སྲིང་བྱས་ཏེ། ཉལ་ཁར་ཟ་མ་མང་པོ་ཟ་མི་རུང་ལ་ལྟོགས་སུའང་འཇུག་མི་རུང་། མལ་ཁྲིའི་སྟེང་ནས་གློག་ཀླད་དང་ལག་ཁྱེར་ཁ་པར་རྩེ་བ་སོགས་ཀྱི་གོམས་སྲོལ་ངན་པ་བསྒྱུར་ཅི་ཐུབ་བྱེད་དགོས། །