བོད་ཀྱི་ལུས་རྩལ་རྣམ་གྲངས༣རྒྱལ་ཡོངས་ཕུལ་བྱུང་རྣམ་གྲངས་སུ་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-10   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཉིན་ཤས་གོང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་རིག་གནས་གོང་འཕེལ་ལྟེ་གནས་ཀྱིས༼སྤྱི་ལོ༢༠༢༢ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས་སུ་བདམས་ཐོན་བྱུང་བའི་སྤྱི་བསྒྲགས༽ཞེས་པ་པར་འགྲེམས་བྱས་པའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ཞོ་སྟོན་མི་རིགས་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱེད་སྒོ་ཉིད་སྤྱི་ལོ༢༠༢༢ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་དུས་ཆེན་རྣམ་གྲངས་སུ་བདམས་པ་དང་། བི་ཤུ་ཉིད་སྤྱི་ལོ༢༠༢༢ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་དམངས་སྲོལ་རྣམ་གྲངས་སུ་བདམས་པ། རྡོ་བཀྱག་ཉིད་སྤྱི་ལོ༢༠༢༢ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་མི་རིགས་རྣམ་གྲངས་སུ་བདམས་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གསུམ་སྤྱི་ལོ༢༠༢༢ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས་སུ་བདམས་པ་དེས་བོད་ལྗོངས་ཀྱི་ཁྱད་དུ་འཕགས་པའི་མི་ཆོས་དང་རང་བྱུང་གི་མཛེས་ལྗོངས་དྲིལ་བསྒྲགས་བྱེད་པ་དང་། བོད་ལྗོངས་ཀྱི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ། བོད་ལྗོངས་ཀྱི་ལུས་རྩལ་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།

རྟ་རྩལ།

བི་ཤུ།

རྡོ་བཀྱག