དཔྱིད་གསར་དུས་ཆེན་ཤར་ཉེ་བས་ལོ་གསར་གྱི་མཁོ་ཆས་ཁྲོམ་ར་འཁྲུག་པོ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་ཤར་ཉེར་བའི་སྐབས་སུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྲོམ་ལམ་སྟེང་གི་མི་རིགས་མཁོ་རྫས་ཚོང་ཁང་ཁག་ཏུ་དུས་སྟོན་ཚོང་ཟོག་སྣ་ཚོགས་བཤམས་ཡོད་པ་དང་།  གྲོང་མི་ཚོས་ཀྱང་ལོ་གསར་གྱི་མཁོ་ཆས་ཉོ་འགོ་བརྩམས་ཡོད་ལ་དུས་ཆེན་གྱི་རྣམ་པ་ག་ས་གང་དུ་ཁེངས་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཟམ་རྟ་ཐང་ཆེན་དུ་བཀྲ་ཤིས་པའི་ཆ་ཡིག་དང་།ལོ་གསར་རི་མོ།   ལྒང་ཞུ་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་།  ས་གནས་དེ་གའི་གྲོང་མི་རྣམས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཤོག་བུའི་མེ་ཏོག་དང་།  ཤིང་ཕོར།  མངར་ཟས་སོགས་ཚོང་བཤམས་སའི་མདུན་དུ་ཞིབ་ཚགས་ཀྱིས་འདེམས་ཡོད།  

        ཡང་ལོ་ཆུང་ཚོགས་ཀྱིས་དྲ་ཐོག་ནས་ལོ་གསར་གྱི་མཁོ་ཆས་ཉོ་རྒྱུར་དགའ་པོ་ཡོད་དེ།གྲོང་ཁུལ་གྱི་མྱུར་སྐྱེལ་ས་ཚིགས་ཁག་ཏུ་མྱུར་སྐྱེལ་མང་པོ་སྤུངས་ཡོད་པ་དང་མྱུར་སྐྱེལ་ལེན་མཁན་གྱིས་ཀྱང་གྲལ་རིང་སྒྲིག་ཡོད།