བདེ་ཆེན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་ཚོཊ་འདུ་ཐེངས་གསུམ་པ་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་1པོའི་ཚེས་7ཉིན་གྱི་སྔ་དྲོར།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་གྲོལ་བ་རེད།
    ད་ཐེངས་ཀྱི་ཚོགས་འདུར་འཐུས་མི་250ཕེབས་དགོས་པ་དང་དངོས་སུ་འཐུས་མི་200ཕེབས་ཡོད་པ་དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་རེད།
    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ད་ཐེངས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ད་དུང་ཝང་དབྱི་ཀྲི་དང་། ཀྲང་ཝུའེ་ཏུང་། ལི་ཡན་ལན། ཕེང་ཧྲན། ཅི་ཤིང་ཅང་། ཤའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཁྲེན་ཝུན་ཀོང་བཅས་ཡོད།

    ཚོགས་འདུའི་ཐོག་འདེམས་བསྐོ་བྱས་པ་བརྒྱུད་ཧྥེ་པིང་ཆང་དང་། ཧོ་དབྱི་ལུང་། ལི་ཝུན། ཞ་ཀྲི་ཡུན། རིན་ཆེན་ནོར་བུ། མུའུ་ཧྲུའུ་ཧུང་། ཝུའུ་ཕེ་སན། ཀྲུའུ་ཞའོ་མིང་། ཡུས་ཙེ་དབྱིང་བཅས་བློ་མཐུན་9ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་རེད།


    ཚོགས་འདུའི་ཐོག་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། བདེ་ཆེན་ཁུལ་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་གྲོས་ཆོད་དང་། བདེ་ཆེན་ཁུལ་2022ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་གྲོས་ཆོས་བྱུང་བ་རེད།   

ཡུས་ཧྲེང་ཞང་གིས་གསུང་བཤད་གནང་སྐབས། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་ངང་བརྩི་བཀུར་ཞུ་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཐོག་མཐའ་བར་གསུམ་དུ་དར་སྤེལ་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པ་ཁྱོན་ཡོངས་ནས་བསྐྲུན་ཡོད་ཅེས་བསྟན་པ།

    ཚོགས་འདུའི་རིང་འཐུས་མི་ཡོངས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། ཆབ་སྲིད་ཀྱི་རྣམ་འགྱུར་གསལ་པོ། ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་བཅས་ཀྱི་ཐོག་ནས་འགན་འཁྲི་ནན་ཏན་ངང་ཁུར་ཡོད། བློ་མཐུན་ཡུས་ཧྲེང་ཞང་གི་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ནས་འཐུས་མི་ཡོངས་དང་། ཚོགས་ཆེན་ལ་ཟུར་ཞུགས་བློ་མཐུན།ལས་དོན་མི་སྣ། སྨྱན་སྦྱོར་ལས་དོན་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གསར་དུ་བདམས་པའི་བློ་མཐུན་ཚོར་རྟེན་འབྲེལ་ཡང་ཞུས་པ་རེད།
    ཡུས་ཧྲེང་ཞང་གིས་འཐུས་མི་རྣམ་པས། འགན་འཁྲི་སྒྲུབ་འགོ་རྩོམ་ས་གསར་པའི་ཐོག་ལངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཞིང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལྟར་ཞུམ་མེད་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་་དང་། ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ།
    ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།