བདེ་ཆེན་ཁུལ་དམངས་ཆེན་འཐུས་མིའི་སེམས་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ཅི་ཧྥུའུ་ཡིས། སྤྱི་ཚོགས་ཡོངས་ཀྱིས་བདེ་ཆེན་སློབ་གསོར་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་སློབ་གསོ་དར་རྒྱས་གཏོང་བའི་དོན་ཚན་ཉི་ཤུ་ལག་ལེན་བསྟར་རིང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུར་འབོད་སྐུལ་བྱེད་པ་དང་། དགེ་རྒན་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་པའི་ཐད་བློ་ཁོག་ཆེན་པོས་གསར་གཏོད་བྱས་ནས་ཕུལ་བྱུང་ཤེས་ལྡན་པ་བདེ་ཆེན་དུ་དགེ་རྒན་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུའི་གྲོས་འགོ་བཏོན་པ།   

 མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ཝུའུ་ཅིན་གྱིས་ཁ་གཏད་རོགས་སྐྱོར་ཚན་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་རུ་ཁག་གི་ལས་ཀའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་ལ་སྔར་བས་སྐུལ་འདེད་བཏང་ནས།ལས་དོན་རུ་ཁག་གི་སྔོན་ཐོན་འཕེལ་རྒྱས་བསམ་ཕྱོགས་དང་གྲོང་གསེབ་ཀྱི་དོན་དངོས་གནས་ཚུལ་མཉམ་འདྲེས་ཅུང་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་པའི་འབབ་འཕར་ལ་དངོས་སུ་སྐུལ་འདེད་གཏོང་བའི་རེ་བ་བཏོན་པ།   

 མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའུ་ཁྲུན་མའེ་ཡིས།གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ་དང་།བདེ་ཆེན་རང་ཡུལ་གྱི་ཤེས་ལྡན་མི་སྣ་སྟངས་འཛིན་བྱས་ཏེ་སྲིད་ཇུས་ཀྱི་ཁྲིད་སྟོན་དང་མ་དངུལ་གྱི་རོགས་སྐྱོར་སོགས་བརྒྱུད་རང་ཡུལ་གྱི་ཤེས་ལྡན་མི་སྣ་སྔོག་འདོན་བྱས་ནས་རང་ངོས་ཀྱི་རྩལ་ནུས་བེད་སྤྱོད་གང་ལེགས་བྱེད་པའི་གྲོས་འགོ་བཏོན་པ།   

 མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ཅིན་ཧུང་གིས་སྤྱི་པའི་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་མིག་སྔའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།ཤང་གྲོང་དང་གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་མི་སེར་གྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ།   

 མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེའང་ཧྲ་ཧྲ་ཡིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་། རིག་དངོས་རིགས་གཅིག་མཁས་ཅན་གྱི་གྲོས་འགོར་ཚད་མཐོའི་མཐོང་ཆེན་བྱ་རྒྱུའི་རེ་བ་བཏོན་པ།    

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བསྟན་པས་ཚོང་འགུགས་ལ་ཤུགས་སྣོན་རྒྱག་པ། ཕུལ་བྱུང་ཁེ་ལས་ནང་འདྲེན་བྱེད་པ་ སོགས་ཀྱི་བྱེད་ཐབས་བརྒྱུད་ཅུང་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་མཐོའི་ཞིང་ལས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པ་དང་། སེམས་ཀྱི་ཉི་ཟླའི་སྤུས་རྟགས་གཏོད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་སྤུས་རྟགས་ཀྱི་རིན་ཐང་སྔོག་འདོན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡང་བཏོན་ཡོད།