ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོཊ་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་མཇུག་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཟླ་1པོའི་ཚེས་6ཉིན་གྱི་ཕྱི་དྲོར།སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་གྲོལ་བ་རེད། གྲོས་ཚོགས་ཐོག་བཏོན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་དགོས་པ་དང་། བདེ་ཆེན་ཁུལ་ཨུས་འགོ་ཁྲིད་འོག  ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོས་མོལ་ཁྲོད་མཐུན་སྒྲིལ་རྒྱ་ཁྱབ་དང་འབད་འབུངས་ཡར་བརྩོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཆེན་ལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་མངོན་འགྱུར་བྱུང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    མཇུག་འགྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་མེའོ་ཡིའུ་ཧྥ་དང་། ཧྲེ་ཁྲུན་མིང་། སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝུན། ཕན་ཞུའེ་དབྱིན། ཧོ་ཞུའེ་ཐའོ་བཅས་རེད། མེའོ་ཡིའུ་ཧྥ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ཀྲང་ཝུའེ་ཏུང་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
    ད་ཐེངས་ཀྱི་ཚོགས་འདུར་ཨུ་ཡོན་227ཕེབས་དགོས་པ་དང་། དངོས་སུ་ཕེབས་པའི་མི་191ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཚོགས་འདུའི་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་《སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ལྷན་གྱི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་པ་དང་། སྐུལ་འདེད་པ། ལྟ་སྲུང་བ་བཅས་ཡག་པོ་བྱ་རྒྱུའི་ཐག་གཅོད་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ལྷན་གྱི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་གྲོས་འཆམ་བྱུང་བ་རེད།    

     མེའོ་ཡིའུ་ཧྥ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། ད་ཐེངས་ཀྱི་ཚོགས་ཆེན་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ། འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་འགོ་ཚུགས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱིས་ཁུལ་ཡོངས་ཀྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་འཕེལ་རྒྱས་ཐད་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་པ་དང་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་ཡོད་པས་ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    མེའོ་ཡིའུ་ཧྥ་ཡིས་ནན་བཤད་བྱས་དོན།  འགྲེང་གནས་མཐོར་འདེགས་བཏང་ནས་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ཐད་སྔོན་ལ་སྒྲུབ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་“གདེང་ཚོད་བཞི”ཇེ་བརྟན་དུ་བཏང་སྟེ་རང་རྟོགས་ངང་སྲིད་གྲོས་ཀྱི་ལས་དོན་དེ་ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ནང་བཅུག་ནས་འཆར་འགོད་བྱས་ཏེ་སྲིད་གྲོས་ཀྱིས་སྔ་ཕྱི་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་རང་འགུལ་ངང་འགན་འཁུར་བ་དང་མཐུན་སྦྱོར་གཅིག་གྱུར་ངང་ལས་དོན་སྤེལ་རྒྱུའི་འགན་ལེན་བྱེད་དགོས། སློབ་སྦྱོང་དམ་འཛིན་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བའི་ཐད་མིག་དཔེ་སྟོན་དགོས། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ངོ་བོ་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་དང་། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། བསམ་བློའི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་ཏན་ཏིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། གཞི་རིམ་སྲིད་གྲོས་ཀྱིས་“དོན་འཁྱོལ་ཡོང་བ་”དང་“གོང་བུར་འགྲིལ་བ་”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ལྟེ་གནད་དམ་འཛིན་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཐོད་བརྒལ་ཡོང་བར་བྱས་ནས་ཁུལ་ཨུ་དང་སྲིད་གཞུང་གིས་བཏོན་པའི“ཞན་ཆ་གསབ་པ་དང་ཞན་ཆ་དྲག་པོར་གཏོང་བ།  མི་མངོན་པའི་སྟོབས་ཤུགས་འདོན་པ་དང་།  ལེགས་ཆ་འདོན་སྤེལ་བྱེད་པ།  མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།  བདེ་འཇགས་འགན་ལེན་བྱེད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱེད་སྒོ་ཏན་ཏིག་སྤེལ་བ་དང་།  “གཞི་རིམ་དུ་གྲོས་མོལ་བྱེད་པའི”ལག་ལེན་གཏིང་ཟབ་ཏུ་གཏོང་དགོས། “3815”འཐབ་ཇུས་དང“དམ་འཛིན་ཆེན་པོ་དྲུག”སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་གྱི་གྲོས་མོལ་བྱས་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་བརྟན་ལྷིང་ཞི་མཐུན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ།  སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་བཅས་དང་འབྲེལ་གཏུག་འགྲོ་འོང་དང་། འབྲེལ་གཏུག་སྤེལ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་།  གྲངས་ཉུང་མི་རིགས་ཀྱི་མི་སྣ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་མཐུན་སྒྲིལ་མཐུན་འབྲེལ་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ།  བསམ་བློའི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་གོང་བུར་འགྲིལ་བ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་འགྲིལ་དགོས། འགན་འཁྲི་འཁུར་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ངོས་ནས་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་སྣང་བརྙན་གཏོད་དགོས། ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་དང་ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས། “གསར་བརྗེ་གཉིས་”དང་“གསར་འཛུགས་བཞི་”ཡི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྲིད་གྲོས་ཀྱིས་འགན་འཁྲི་ནུས་ལྡན་སྒྲུབ་པར་འགན་སྲུང་ནུས་ལྡན་བྱ་དགོས།

    ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་། བདེ་ཆེན་ཡན་ལག་དམག་ཁུལ་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་བཅས་ཀྱི་འགོ་ཁྲིད་བློ་མཐུན། སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་གི་འགན་འཁུར་བློ་མཐུན་མཇུག་འགྲིལ་ཚོགས་འདུར་ཞུགས་ཡོད།