བདེ་ཆེན་ཁུལ་སྲིད་གྲོས་ཨུ་ཡོན་གྱི་སེམས་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སྲིད་གྲོས་ཀྱི་ཨུ་ཡོན་སྐལ་བཟང་བསྟན་འཛིན་གྱིས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ངས་བལྟས་ན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཧ་ཅང་དགོས་ངེས་ཤིག་ཡིན་པ་དང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་ཡོད། འོན་ཀྱང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ལས་འགན་ཆེ་ལ་ལམ་ཐག་རིང་བས།དགེ་འདུན་པ་གསར་པ་དགོན་སྡེར་ཞུགས་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་ཆེད་རྒྱང་རིང་གི་ཤུགས་རྐྱེན་བཟང་པོ་འཇོག་དགོས་པའི་གྲོས་འགོ་བཏོན་པ། 


   

 སྲིད་གྲོས་ཨུ་ཡོན་ནོར་བུ་དོན་གྲུབ་ཀྱིས་གྲོང་གསེབ་ཀྱི་བཙོག་ཆུ་དང་། གད་སྙིགས། གསང་སྤྱོད་ཁང་སོགས་ཐད་ཀྱི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་བཏོན་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བ་དང་མི་སེར་གྱི་ཡོང་འབབ་མང་དུ་གཏོང་བ། གྲོང་སྡེའི་རྣམ་པར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སྔར་བས་ཚད་ལྡན་ངང་གོང་འཕེལ་གཏོང་རྒྱུའི་གྲོས་འགོ་བཏོན་པ།


  

  སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཡོན་ཁྲུན་གྱིས་གཞི་རིམ་གྱི་སྨན་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་གཞི་རིམ་གྱི་སྨན་དོན་ལས་དོན་ལ་དམིགས་ནས་ངས་གྲོས་འགོ་འགའ་འདོན་རྒྱུ་ཡིན་པ་སྟེ། གཅིག་ནས་སྲིད་གཞུང་གིས་གཞི་རིམ་གྱི་སྨན་དོན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཉིས་ནས་གྲོང་མིར་ཆེད་ལས་སྨན་དོན་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ། གསུམ་ནི་གཞི་རིམ་གྱི་དངོས་རྫས་དང་སྨན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། བཞི་ནས་སྔ་སྣུར་དུ་ཕ་ཡུལ་དུ་ལོག་མང་བའི་དུས་ཀྱི་འགོག་སྲུང་གྲ་སྒྲིག་ཡག་པོ་བྱེད་པའི་རེ་བ་ཡོད།


 

   སྲིད་གྲོས་ཨུ་ཡོན་ལིའང་ཡུང་གིས་ཁུལ་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྒྲོག་འགྲེལ་སྒྲིག་འཛུགས་བྱེད་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་སྐུལ་སློང་ཧུར་ཐག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སོགས་འབྲེལ་ཡོད་དྲིལ་བསྒྲགས་བྱས་པའི་རེ་བ་བཏོན།


  

  སྲིད་གྲོས་ཨུ་ཡོན་ཚེ་རིང་ལྷ་མོས་མང་ཚོགས་ཡུལ་སྐོར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ནང་ཆགས་པའི་གཏན་འཇགས་རྒྱུ་ནོར་དང་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་ཡག་པོ་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་རེ་བ་བཏོན་པ།


  

  སྲིད་གྲོས་ཨུ་ཡོན་ཧོ་ཀྲི་ཀོང་གིས་སློབ་གསོའི་ཁོངས་གཏོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས།ད་ཐེངས་ཀྱི་ཚོགས་ཆེན་ཐོག་གླེང་བའི་གྲངས་གཞིའི་སྲིད་གྲོས་དེ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། གྲངས་གཞི་ཅན་གྱི་སློབ་གསོ་ནི་ང་ཚོའི་སློབ་གསོའི་འབྱུང་འགྱུར་ཡིན་པ་དང་གྲངས་གཞི་ཅན་གྱི་སྲིད་གྲོས་ནི་ང་ཚོའི་སློབ་གསོའི་ཁྱབ་ཁོངས་ཀྱི་གྲངས་གཞི་ཅན་གྱི་བློ་སྒོ་འབྱེད་ངེས་ཡིན་རྒྱུ་རེད།