བདེ་ཆེན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

 

    ཟླ་1པོའི་ཚེས་5ཉིན་གྱི་སྔ་དྲོར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་དུ་འཚོགས་པ།

    ད་ཐེངས་ཀྱི་ཚོགས་འདུར་འཐུས་མི་250ཞུགས་དགོས་པ།དངོས་སུ་འཐུས་མི་204ཞུགས་ཡོད་པས།ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་པ་རེད།
    ཚོགས་འདུའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཞའོ་ཞུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།    ད་ཐེངས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་བྱེད་མཁན་ད་དུང་ཝང་དབྱི་ཀྲི་དང་། ཀྲང་ཝུའེ་ཏུང་། ལི་ཡན་ལན། ཕེང་ཧྲན། ཡུས་ཧྲེང་ཞང་། ཅི་ཤིང་ཅང་། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཁྲེན་ཝུན་ཀོང་བཅས་ཡོད།
    སྔ་དྲོའི་ཆུ་ཚོད་དགུ་པར།ཞའོ་ཞུས་ཀྱིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས། མི་སྣ་ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།    

    ཀྲང་ཝུའེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུས་པ་རེད།    

    སྙན་ཞུའི་ནང་བསྟན་དོན། 2022ལོར།  ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་།  ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་འོག ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས། བརྟན་པོ་ཡོང་བར་བྱ་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བྱེད་པའི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་བྱས།“རིམས་ནད་སྔོན་འགོག་བྱེད་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ།“བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་པོ”བཅས་ཀྱི་དོན་ཆེན་བཞི་ལ་དམ་འཛིན་ནན་པོ་བྱས་པ་དང་།བརྟན་པོའི་ངང་འཕར་བའི་དོན་ཚན་18དང་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་35དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་བརྟན་པོའི་ངང་བསྐྱར་འཕར་ཡོད་པ་རེད།    

    སྙན་ཞུའི་ཐོག2023ལོར། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལྡན་པའི་བདེ་ཆེན་གསར་པའི་ལེ་ཚན་གསར་པ་ཧུར་ཐག་བརྩམས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་གཞི་ཐིག་བརྟན་སྲུང་དང་། ཐོག་མའི་བསམ་འདུན་བརྟན་སྲུང་། འཕར་སྣོན་གྱི་འགུལ་ནུས་འཕེལ་རྒྱས། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་འགྱུར། འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་བཅས་དང་ཟུང་འབྲེལ་དམ་པོ་བྱེད་དགོས། 2023ལོར། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་6%(ཞིང་དུད་ཚུད་མེད་)འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད་8%ཡན་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་5%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་6%ཡན་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་སྤྱད་འཐུས་ཡོང་འབབ་དང་དཔལ་འབྱོར་འཕར་སྣོན་གཉིས་གཞི་རྩའི་ཆ་ནས་གཅིག་འདྲ་ཡིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་གི་བསྡུར་གྲངས་འཕར་ཚད་ 3.5%ནང་ཚུན་དུ་ཚོད་འཛིན་བཅས་བྱེད་དགོས་པ་བསྟན་ཡོད།       སྙན་ཞུའི་ཐོག  དམིགས་ཚད་ལ་དམིགས་ཏེ་རང་ཁུལ་གྱིས་ཕྱོགས་ལྔའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ། གཅིག་ནི་དུས་བདེ་དང་། འཆམ་མཐུན། ལྗང་མདོག་བཅས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་དགོས་པ་དང་། གཉིས་ནས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་དོ་དམ། སྤྱི་པའི་ཞབས་ཞུ་ཞན་སར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མགྱོགས་མྱུར་ལེགས་སུ་གཏོང་དགོས་པ། གསུམ་ནི་མ་དངུལ་འཇོག་པའི་འགུལ་ནུས་དང་། ཚོང་རའི་འགུལ་ནུས་དང་། ཁེ་ལས་ཀྱི་འགུལ་ནུས་བཅས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། བཞི་ནི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་འདེགས་སྐྱོར་དང་། ཚོང་གཉེར་ཁོར་ཡུག་གི་འདེགས་སྐྱོར། བསྒྱུར་བཅོས་སྒོ་འབྱེད་ཀྱི་འདེགས་སྐྱོར་འབོར་དུ་ཐོན་ནས། སྤུས་ལེགས་ཀྱི་འཕེལ་རྒྱས་ཁོར་ཡུག་ཧུར་ཐག་ངང་སྐྲུན་དགོས། ལྔ་ནས་སྤུས་རྟགས་ཀྱི་ལེགས་ཆ་དང་། སྣོད་བཅུད་ཀྱི་ལེགས་ཆ། ས་བབ་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་དགོས་ཞེས་བསྟན།

  

    ཡུས་ཧྲེང་ཞང་གིས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།   

     སྙན་ཞུའི་ཐོག་འདས་པའི་ལོ་གཅིག་རིང་། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས།“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི”ལས་ཀའི་གཙོ་རྐང་ལ་དམིགས་པ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལ་དམིགས་པ་དང་།“དོན་ཆེན་བཞིར”དམིགས་ཏེ། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ནན་ཏན་ངང་སྒྲུབ་པ་བཅས་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་ངང་གཏོད་དགོས་ཞེས་བསྟན་པ་རེད།    སྙན་སྒྲོན་ནང་བཏོན་དོན།2023་ལོར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐབས་དགུ་པའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱས། “3815”འཐབ་ཇུས་དང་ཁུལ་ཨུའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཀོད་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས།   

      ཀྲང་ཡུས་ཀྱིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་བ་རེད།     

    སྙན་སྒྲོན་ནང་བཏོན་དོན། 2022ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ཏེ་བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་ཚད་ཤིང་དང་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”ཞེས་པའི་ངེས་གནས་གཉིས་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་དང་། ཞིང་ཆེན་ཡོངས་རྗེས་སུ་མི་ལུས་པ་དང་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དུ་སྔོན་ཐོན་པ་བྱེད་པ་དང་ཆབ་སྲིད་ལ་སྣང་ཆེན་དང་། ཚད་ལྡན་ལ་དམ་འཛིན། སྤྱོད་གཙང་ལ་སྐུལ་འདེད། འཕེལ་རྒྱས་དོན་གཉེར། རྩེ་གྲ་བརྩོན་ལེན་བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁྲིམས་འཛིན་དྲང་གཞག་བྱས་པས་ལས་དོན་ཁག་ལ་ཡར་རྒྱས་བྱུང་ཡོད།     སྙན་སྒྲོན་ནང་བཏོན་དོན། 2023ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་རྨང་གཞི་བརྟན་དུ་གཏོང་བ། དོ་དམ་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ་ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་དེ་བས་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་མཁོ་འདོན་བྱེད་དགོས།       

     ཀྲའོ་ཁྲེང་ཝུའུ་ཡིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་བ།    

     སྙན་སྒྲོན་ནང་བཏོན་དོན། 2022ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་》དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེར་བརྟེན་ནས་ཆེས་མཐོའི་ཞིབ་དཔྱོད་ཁང་གི་"སྤུས་ཚད་འཛུགས་སྐྱོང་ལོའི་"་ལས་ཀ་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་བདེ་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་"ཉུང་བས་སྤུས་ལེགས་དང་། ཉུང་བས་ཚད་ལྡན"་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་དགོས།     སྙན་སྒྲོན་ནང་བཏོན་དོན། 2023ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ནས་"་ཉུང་ན་ཧྲག་པ་དང་། ཉུང་ན་ལེགས་པ། ཉུང་ན་ཚད་ལྡན"་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྩ་ཁྲིམས་ཀྱི་ངེས་གནས་མཐའ་འཁྱོངས། ཆབ་སྲིད་ཀྱི་བླ་སྲོག་སྐྲུན་རྒྱུ་མཐའ་འཁྱོངས། ཁྱོན་ཡོངས་ནང་མཉམ་འདྲེས་མཐའ་འཁྱོངས། མི་དམངས་བླ་ན་མེད་པ་མཐའ་འཁྱོངས། ཏང་ལ་དོ་དམ་དང་ཞིབ་དཔྱོད་ནན་སྐྱོང་མཐའ་འཁྱོངས་བཅས་བྱས་ནས་དུས་རབས་གསར་པའི་བདེ་ཆེན་ཞིབ་དཔྱོད་ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།     

    ཚོགས་ཆེན་ཐོག་འཐུས་མིར་བདེ་ཆེན་ཁུལ་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ། བདེ་ཆེན་ཁུལ་གྱི་2022ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ།2023ལོའི་ས་གནས་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཞིབ་བཤེར་གནང་རྒྱུར་ཕུལ་བ་།《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག་(བཟོ་བཅོས་འཆར་ཟིན) 》 གི་གསལ་བཤད་ཉན་པ་རེད།    

     ཚོགས་འདུའི་ཐོག་ད་དུང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འདེམས་བསྐོའི་བྱ་ཐབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།    

     ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་ཟུར་ཞུགས་མི་སྣ་དང་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།