རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-05   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།
སྤྱི་ལོ་2023ལོ་འགོ་ཚུགས་པ་ནས་བཟུང་། རང་རྒྱལ་གྱི་གནམ་གཤིས་ཇེ་དྲོར་ཕྱིན་ཡོད་པ་དང་། ས་གནས་ཁག་གི་གནམ་གཤིས་གྲང་བའི་གནས་ཚུལ་རིམ་གྱིས་འགྱུར་ཏེ་དྲོད་ཚད་མཐོ་རུ་ཕྱིན་ཡོད། གཟའ་འཁོར་འདིར། རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་འཕར་བའི་གནས་ཚུལ་རྒྱུན་མཐུད་བྱུང་བ་དང་། དྲོད་ཚད་མཐོ་ཤོས་6~10℃བར་འཕར་རྒྱུ་དང་། ས་ཁུལ་ཁག་གཅིག་གི་འཕར་ཚད་10℃ལས་བརྒལ་རྒྱུ་རེད། དྲོད་ཚད་མཐོ་ཤོས་10℃ཡི་གནམ་གཤིས་དེ་རིམ་བཞིན་བྱང་ནས་ལྷོ་ཕྱོགས་ཀྱི་ས་ཁོངས་སུ་རྒྱ་བསྐྱེད་རྒྱུ་དང་། དྲོད་ཚད་མཐོ་ཤོས་20℃ཡན་གྱི་གནམ་གཤིས་དེ་བྱང་གི་ཧུའུ་པེ་དང་ཨན་ཧུའེ་ཡི་ས་ཆ་ཁ་ཤས་སུ་རྒྱ་བསྐྱེད་རྒྱུ་རེད།
ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ཧོང་ཧོའེ་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་པོའི་དྲོད་ཚད་རྒྱུན་གཏན་གྱི་སྤྱི་ཟླ་3པ་དང་ཐ་ན་སྤྱི་ཟླ་4པའི་ཟླ་འགོ་ལྟར་དྲོ་རྒྱུ་ཡིན་ལ། སྤྱི་ཚེས་8ཉིན་གྱི་སྔ་རྗེས་སུ་ནང་སོག་དང་། ཉིང་ཞ། ཧྲའན་ཤིས། ཧྲན་ཤིས། ཀན་སུའུ། ཧོ་ནན། ཧུའུ་པེ་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གཏོད་རྒྱུ་རེད། སྤྱི་ཚེས་8ཉིན་ཧོ་ཧྥེ་གྲོང་ཁྱེར་གྱི་དྲོད་ཚད་18℃དང་ཝུའུ་ཧན་གྲོང་ཁྱེར་གྱི་དྲོད་ཚད་21℃ལ་སླེབ་རྒྱུ་དང་། དཔྱིད་ཀ་ལྟ་བུའི་གནམ་གཤིས་འཆར་རྒྱུ་ཡིན་ལ། དེའི་ནང་ཝུའུ་ཧན་གྱི་སྤྱི་ཟླ་དང་པོའི་ཟླ་སྟོད་གྱི་གནམ་གཤིས་དྲོད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་རྒྱུ་རེད།