པྲོག་གསར་ནད་དུག་འགོས་རྗེས་སྐྲ་ཤུད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-04   རྩོམ་ཁུངས།    མཚོ་སྔོན་ཁྲིམས་ལུགས་བོད་ཡིག་ཚགས་པར།

ཉེ་ལམ། དྲ་གྲོགས་ཤིག་གིས་པྲོག་གསར་ནད་དུག་འགོས་རྗེས་སྐྲ་ཤུད་པའི་གནས་ཚུལ་བྱུང་གིན་འདུག་ཅེས་ཟེར། པྲོག་གསར་ནད་དུག་འགོས་རྗེས་ཅིའི་ཕྱིར་སྐྲ་ཤུད་པ་ཡིན་ནམ། སྐྲ་ཤུད་པ་ནི་པྲོག་གསར་ནད་དུག་འགོས་རྗེས་ཀྱི་ནད་གཞུག་ཡིན་ནམ། དུས་ཡུན་ཅི་ཙམ་གྱི་ནང་དུ་བསྐྱར་གསོ་བྱ་ཐུབ་བམ། ཆེད་མཁས་པས་ཅི་ལྟར་གསུངས་པར་ང་ཚོས་མཉམ་དུ་བལྟ། 

པྲོག་གསར་ནད་དུག་འགོས་རྗེས་ཅིའི་ཕྱིར་སྐྲ་ཤུད་པའི་གནས་ཚུལ་བྱུང་བ་ཡིན་ནམ། 

ཆིན་ཧྭ་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་སྐྱི་པགས་ཚན་ཁག་གི་སྨན་རམས་པ་གཞོན་པ་ཏོན་ཞའོ་ཧན་གྱིས་བཤད་རྒྱུར། 

པྲོག་གསར་ནད་དུག་འགོས་རྗེས་སྐྲ་ཤུད་པའི་གནས་ཚུལ་ཞིག་བྱུང་བ་ནི་ཅུང་ཡོངས་ཁྱབ་ཅིག་རེད། པྲོག་གསར་ནད་དུག་འགོས་རྗེས་ནད་དུག་གིས་བ་སྤུའི་བུ་གའི་མཐའ་འཁོར་གྱི་གཉན་ཚད་བསླང་སྲིད་པ་དང་། ད་དུང་ཚའང་རྒྱག་སྲིད། སེམས་ཁམས་མི་བདེ་བ་དང་བསམ་པའི་གནོན་ཤུགས་ཡོད་པ། ངལ་གསོ་ཡག་པོ་མ་བྱུང་བ་སོགས་ཀྱི་རྐྱེན་གྱིས་དངོས་གནས་སྐྲ་ཤུད་པའི་དུས་སྐབས་བྱུང་དུ་འཇུག་སྲིད། ཅི་ཞིག་ལ་སྐྲ་ཤུད་པའི་དུས་སྐབས་ཞེ་ན། བ་སྤུའི་བུ་གར་ཆོས་ཉིད་ལྡན་པའི་འཁོར་ཡུན་ཞིག་ཡོད་དེ། ང་ཚོའི་མགོ་བོའི90%ཡན་གྱི་བ་སྤུའི་བུ་གའི་སྤུ་ནི་སྐྱེས་པའི་རྣམ་པར་གནས་ཡོད་ལ། དེ་ནི་མི་ཤུད་པ་ཞིག་ཡིན། གསར་བསྒྱུར་བྱེད་པའི་སྐབས་སུ་ཟླ2ནས3བར་རྒྱུན་འཁྱོངས་བྱེད་པའི་སྐྲ་ཤུད་པའི་དུས་སྐབས་བྱུང་བ་དང་། ཤུད་རྗེས་སུ་དེ་སྐྱེ་འཚར་གྱི་འཁོར་ཡུན་རྗེས་མར་སླེབས་པ་རེད།
སྐྲ་ཤུད་པའི་ནད་རྟགས་དུས་ཡུན་ཅི་ཙམ་ནང་ཇེ་ཡང་དུ་འགྲོ་ཐུབ་བམ། 

ཆིན་ཧྭ་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་སྐྱི་པགས་ཚན་ཁག་གི་སྨན་རམས་པ་གཞོན་པ་ཏོན་ཞའོ་ཧན་གྱིས་བཤད་རྒྱུར། 

སྐྲ་ཤུད་པའི་དུས་སྐབས་མང་ཆེ་བ་མཇུག་རྫོགས་ནས་བ་སྤུའི་བུ་ག་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་སླེབས་རྗེས་སྐྲ་ཤུད་པ་ཡུན་གྱིས་མཚམས་འཇོག་སྲིད། སྤྱིར་བཏང་དུ་ནད་ཐོག་སྨན་བཅོས་ལ་དམིགས་བསལ་གྱིས་ཐེ་གཏོགས་བྱེད་མི་དགོས། ཟླ2ནས3བར་དུ་སྐྲ་ཤུད་པའི་གནས་ཚུལ་མཚམས་འཇོག་སྲིད།
སྐྲ་ཤུད་པ་ནི་པྲོག་གསར་ནད་དུག་འགོས་པའི་ནད་གཞུག་ཡིན་ནམ།

ཆིན་ཧྭ་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་སྐྱི་པགས་ཚན་ཁག་གི་སྨན་རམས་པ་གཞོན་པ་ཏོན་ཞའོ་ཧན་གྱིས་བཤད་རྒྱུར། 

ནད་གཞུག་ནད་མང་ཆེ་བ་ནི་འདི་ལྟ་བུའི་རྒྱུན་མཐུད་དུ་གནས་པའི་ཁོངས་སུ་གཏོགས་པས། ང་ཚོས་དེ་ལ་ནད་གཞུག་ཅེས་ཟེར། དཔེར་ན་དེ་རིང་ང་ལ་པྲོག་གསར་ནད་དུག་འགོས་རྗེས་ནད་རྟགས་ཤིག་བྱུང་བ་དང་། དེའི་གཉན་ཚད་ཡལ་ཐུབ་པ་དང་། དེ་ལ་ནད་ཐོག་སྨན་བཅོས་བྱས་ན་ནད་རྟགས་མེད་པར་འགྱུར་སྲིད། སྤུ་ཡི་ཆ་ཤས་ལ་མིག་སྔར་བལྟས་ན་པྲོག་གསར་ནད་དུག་རྐྱེན་བྱས་ཏེ་ཡུན་རིང་རང་བཞིན་གྱིས་སྐྲ་ཤུད་དུ་འཇུག་མི་སྲིད། མཚན་ཉིད་ཀྱི་སྟེང་ནས་བཤད་ན་ནད་གཞུག་རེད་ཅེས་བཤད་མི་རུང་།
རང་ཉིད་ཀྱི་སྐྲ་ལ་ཅི་ལྟར་སྲུང་སྐྱོང་བྱ་དགོས།

ཆིན་ཧྭ་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་སྐྱི་པགས་ཚན་ཁག་གི་སྨན་རམས་པ་གཞོན་པ་ཏོན་ཞའོ་ཧན་གྱིས་བཤད་རྒྱུར། 

སྤྲི་དཀར་རྫས་བསྡུ་ལེན་བྱ་རྒྱུར་དོ་སྣང་བྱ་དགོས་ཏེ། བཟའ་བཏུང་ཐད་ནས་ཤ་མང་ཙམ་བཟའ་དགོས་ལ། ལྷག་པར་ཏུ་སྐམ་ཤ་བཟའ་བར་ངས་འོས་སྦྱོར་བྱས་པ་ཡིན། རྒྱུ་མཚན་ཤའི་ནང་དུ་ལྕགས་རྒྱུ་མང་ཙམ་འདུས་ཡོད་པས་དེ་ལ་ཕན་ཐོག་ཆེན་པོ་ལྡན། གལ་སྲིད་ཁྱོད་ཀྱི་སྐྲ་ཤུད་པར་སེམས་ཁུར་བྱེད་ན་ངས་མགྱོགས་མྱུར་ངང་ཚོ་བྱང་དུ་འཇུག་པའི་བསམ་འཆར་མི་འདོན། མགྱོགས་མྱུར་ངང་ཚོ་བྱང་དུ་བཅུག་ན་ནུས་ཚད་གློ་བུར་དུ་ཤོར་འགྲོ་བས་སྐྲ་ཤུད་པའི་སྣང་ཚུལ་ཡང་འབྱུང་ངེས་ཡིན།