ཏོག་གསར་ནད་འགོས་རྗེས་གཟུགས་པོར་ཟ་འཕྲུག་ལངས་ན་ཅི་ལྟར་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-23   རྩོམ་ཁུངས།    མི་དམངས་དྲ་བ།

ཏོག་གསར་ནད་འགོས་རྗེས་གཟུགས་པོར་ཟ་འཕྲུག་ལངས་ན་སྨན་ཁང་དུ་འགྲོ་དགོས།

    ཉེ་ཆར། དྲ་གྲོགས་མང་པོ་ཞིག་གིས་རང་ཉིད་“གདགས་གཤིས་སུ་”གྱུར་རྗེས་ཀྱི་ནད་རྟགས་སྐོར་དོགས་གཞི་ཕན་ཚུན་ལ་བཤད་བཞིན་ཡོད་པ་སྟེ། སྐད་འགག་པ་དང་། མུད་པ་ན་བ། སྣ་ཆུ་བཞུར་བ་བཅས་ཀྱི་ནད་རྟགས་ཕུད། ད་དུང་གཟུགས་པོར་ཟ་འཕྲུག་ལངས་བའི་གནས་ཚུལ་བྱུང་བ་བཤད་པ་ནི་ཡང་སྙིང་ཅི་ཞིག་བྱུང་བ་ཡིན་ནམ། 



    གདགས་གཤིས་སུ་གྱུར་བའི་རིང་ལ་གཟུགས་པོར་ཟ་འཕྲུག་ལངས་པའི་རྒྱུ་མཚན་ཅི་ཡིན་ནམ། 

   ཟླ་12ཚེས་17ཉིན། པེ་ཅིང་སློབ་ཆེན་གྱི་སྨན་ཁང་དང་པོ་སྨི་ཡུན་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་གི་སྨན་པ་ཀའོ་ཝུའེ་ཡིས་བརྙན་ལམ་སྤེལ་ནས། ཏོག་གསར་ནད་དུག་འགོས་རྗེས་གཟུགས་པོར་ཟ་འཕྲུག་ལངས་བ་སོགས་ཀྱི་གནས་ཚུལ་བྱུང་བ་ནི་ཚོར་ལོག་བརྒྱབ་པའི་དོགས་གཞི་ཡོད་པས་མཐོང་ཆེན་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་འཕྲལ་མྱུར་དུ་སྨན་བཅོས་བྱེད་དགོས་བཤད། 

   རྒྱུ་མཚན་ནི་ང་ཚོས་ཟ་བའི་སྨན་རྫས་ནང་དུ་སྣ་ཆུ་བཞུར་ཚད་ཞི་ལྷོད་དུ་གཏོང་ཆེད་ཚོར་ལོག་བརྒྱབ་པར་འགོག་སྨན་གྱི་གྲུབ་ཆ་བསྣན་ཡོད་པས། དེར་བརྟེན་ཚོར་ལོག་བརྒྱབ་པ་ལ་སྣ་ཆུ་བཞུར་ཚད་མངོན་གསལ་དོད་པོ་མེད་རུང་། གཟུགས་པོར་སྔར་བཞིན་ཟ་འཕྲུག་ལངས་པའི་གནས་ཚུལ་ཐོན་པ་རེད། 

གཟུགས་པོར་ཟ་འཕྲུག་ལངས་ན་ཇི་ལྟར་བྱེད་དགོས་སམ། 

   ཀའོ་ཝུའེ་ཡིས། གལ་ཏེ་ཟ་འཕྲུག་དང་འབྲུམ་ཐོར་དང་མཉམ་དུ་དབུགས་དགག་པ་དང་སེམས་འཚུབ་པའི་གནས་ཚུལ་ཐོན་ཚེ་གཟུགས་པོ་ཡོངས་ལ་ཚོར་ལོག་བརྒྱབ་པའི་དོགས་པ་ཡོད་པས། དེ་མཐུན་གྱི་སྨན་བསྟེན་པའམ་ཡང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་པར་འགྲོ་དགོས་ཟེར།