ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྐོར་གྱི་གནས་ཚུལ་གསར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་139.9ཟིན་ལ། དེ་སྒུལ་ཤུགས་མེ་འཁོར་གྱི་ལམ་ཐིག་ཡིན་པ་རེད། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་140ཟིན་ལ། ལམ་ཐིག་ཧྲིལ་པོར་ལ་ཧྲི་མཚོ་འབབ་ཚུགས་དང་། ཡང་ཐང་འབབ་ཚིགས། སེམས་ཀྱི་ཉི་ཟླའི་བབས་ཚུགས་སོགས་ཁྱོན་བབས་ཚུགས་13བཙུགས་ཡོད་པ་རེད། གསར་དུ་བསྐྲུན་པའི་ཟམ་པ་34དང་ཕུག་ལམ་20སོགས་ཡོད་དེ། ཕུག་ལམ་ཁྱོན་རིང་ཚད་སྤྱི་ལེ་101.77ཟིན་པ་དེས་ལམ་ཐིག་ཧྲིལ་པོའི་སྤྱིའི་རིང་ཚད་ཀྱི་73.4%བཟུང་ཡོད་རེད། ལམ་ཐིག་དེ་ས་བབ་མཐོ་ཚད་སྨི་2400ཟིན་པའི་ས་དམ་གཤོང་སའི་ལམ་བུ་ནས་བྱང་དུ་ས་བབ་མཐོ་ཚད་སྨི་3400ཟིན་པའི་སེམས་ཀྱི་ཉི་ཟླའི་གཤོང་སར་སླེབས་ཡོད་ལ། ས་མཐོའི་གངས་རིའི་གྲོག་རོང་བརྒྱུད་དགོས་པའི་ནང་ལམ་བར་གྱི་ཧ་པའི་གངས་རིའི་ཕུག་ལམ་དེ“གླིང་འདིར་མཐོང་དཀོན་པ། ཀྲུང་གོའི་ཐོག་མའི”འཛུགས་སྐྲུན་དཀའ་ཚེགས་ཆེ་བའི་ཕུག་ལམ་གཅིག་པུ་དེར་གཏན་འཁེལ་བྱས་པ་རེད། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁུན་མིང་གྲོང་ཁྱེར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་ཆུ་ཚོད་4ཡི་ནང་འབྱོར་ཐུབ་པ་བྱས་ཡོད།

图片

        བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་གཞུང་ལམ་ཁོའོ་ཡི་ཁོའོ་ཀྲང་ལིའུ་ཞུས་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཁོངས་རང་བཞིན་གྱི་གྲུབ་ཆ་དང་དེ་བཞིན་གནམ་གཤིས་སོགས་ཀྱིས་རྐྱེན་པས་ལྕགས་ལམ་འཛུགས་སྐྲུན་ཐད་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་དགོས། གོམ་སྟབས་རྗེས་མའི་འཛུགས་སྐྲུན་གྱི་གཙོ་གནད་དེ་ཕྱོགས་གཉིས་སུ་དབྱེ་ཡོད་པ་སྟེ། གཅིག་ནི་ཧ་པའི་གངས་རིའི་ཕུག་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། རིགས་ཁག་གི་ཨར་ལས་བདེ་འཇགས་ཀྱི་ཉེན་ཁའི་འབྱུང་ཁུངས་ཞིབ་འཇུག་ཐག་གཅོད་བྱེད་པ། དེ་མཚུངས་ཀྱི་འཕྲལ་སྡོམ་བྱ་ཐབས་དང་ཇུས་གཞི་བཟོ་བ། ཨར་ལས་རུ་ཁག་དང་ཚོ་ཆུང་གི་མི་སྣ་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། བདེ་འཇགས་དང་། སྤུས་ཚད། མྱུར་ཚད་བཅས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། གཉིས་ནས་ས་ཚིགས་མཇུག་གི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལམ་གཞི་དང་ས་ཚིགས་ཀྱི་ཁང་པ་འཐུས་སྒོ་ཚང་དུ་གཏོང་བའི་ལས་གྲྭ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ལྕགས་ལམ་འདིང་བ་དང“གློག་བཞིའི”ལས་གྲྭར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལམ་ཐིག་ཧྲིལ་པོར་2023ལོའི་ཟླ་6པའི་ཟླ་མཇུག་ཏུ་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་ཆ་རྐྱེན་འཛོམས་ནས་ཟླ་8ཚེས་30ཉིན་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

图片