ཏོག་གསར་རིམས་ནད་ཐེངས་གཉིས་ལ་འགོ་སྲིད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-21   རྩོམ་ཁུངས།    ཁམས་པའི་དྲ་བ།

    ཉེ་དུས་དྲ་ལམ་དུ་ཏོག་གསར་ནད་དུག་ཐེངས་གཅིག་འགོས་པ་ནི་འགོག་ཁབ་ཐེངས་གཅིག་བརྒྱབ་པ་དང་མཚུངས་ཞེས་དང་། ཐ་ན་ལ་ལས“གདགས་གཤིས་བྱུང་བ་ཅི་ཙམ་སྔ་ན་དེ་ཙམ་ལེགས”ཟེར་མཁན་ཡང་བྱུང་འདུག འོ་ན། བཤད་ཚུལ་དེ་རིགས་ལ་ཁུངས་ལུང་ཡོད་དམ།
    པེ་ཅིང་ཡོའུ་ཨན་སྨན་ཁང་གི་ནད་འགོས་ཕྱོགས་བསྡུས་ཚན་ཁག་གི་ཀྲུའུ་རེན་སྨན་པ་དང་ཞའོ་ཐང་ཧྲན་སྒྲོམ་ཚང་སྨན་ཁང་གི་སྨན་བཅོས་ཆེད་མཁས་པ་ལི་ཐུང་གིས་དེ་སྔོན་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པར། ཏོག་གསར་གློ་ཚད་ནད་དུག་འགོས་རྗེས་དུས་ཡུན་ངེས་ཅན་ཞིག་ནང་དུག་སྲིན་དེ་རིགས་ལ་དམིགས་པའི་རིམས་ཐར་ནུས་པ་ལྡན་པར་འགྱུར་ན་ཡང་། རྗེས་ཕྱོགས་ཡང་བསྐྱར་ནད་དུག་མི་འགོ་པ་མི་མཚོན་ཞེས་བཤད་འདུག

    ལི་ཐུང་གིས་ངོ་སྤྲོད་བྱས་དོན། ནད་ཡམས་ཁ་ཤས་ཤིག་ཐེངས་གཅིག་འགོས་རྗེས་ལས་སླ་པོའི་ངང་སླར་ཡང་འགོ་མི་སྲིད་དེ། དཔེར་ན་སིབ་བི་དང་ཟྭ་འབྲུམ། འགྲམ་རྨེན་གཉན་ཚད་ཡམས་ནད། མཆིན་ཚད་ཀ་པ་སོགས་ལྟ་བུ། རྒྱུ་མཚན་ནི་ནད་གཞི་དེ་དག་གི་སྐྱེ་དངོས་ཕྲ་རབ་ཀྱི་ཁྱད་གཤིས་དང་འབྲེལ་བ་ཡོད། ནད་འགོས་རྗེས་ལུས་པོས་དེ་སྔོན་གྲུབ་པའི་རིམས་ཐར་སྒྲིག་གཞི་སྤྱད་ནས་རང་ཉིད་འགོག་སྲུང་བྱེད་པ་ཡིན།
    ཡིན་ནའང་ཏོག་གསར་ནད་དུག་ནི་རིགས་གཞན་ཞིག་སྟེ། ཐེངས་གཅིག་འགོས་རྗེས་ཚེ་གང་རིམས་ཐར་ཡོང་མི་སྲིད། དེ་འདྲའི་ཁྱད་ཆོས་ལྡན་པ་ད་དུང་ཆམ་རིམས་ཡོད། ནད་དུག་རྣམ་པ་མང་ཞིང་རྒྱུད་འགྱུར་མགྱོགས་པའི་རྐྱེན་གྱིས། མི་ལུས་རིམས་ཐར་སྒྲིག་གཞིའི་ཁྲོད་ནས་བྲོས་བྱོལ་འབྱུང་སླ། དེ་ཡང་ཆམ་རིམས་འགོག་ཁབ་ཅིའི་ཕྱིར་ལོ་རེ་བཞིན་རྒྱག་དགོས་པའི་རྒྱུ་རྐྱེན་ཡིན། རྒྱུ་མཚན་ནི་ཡང་བསྐྱར་འགོ་བའི་ཚད་གཞི་མཐོ་བས་ཡིན།

    ལི་ཐུང་གིས་ཆེད་དུ་དྲན་སྐུལ་ཞུས་དོན། ཏོག་གསར་ནད་དུག་གཅིག་འདྲ་ཡིན་རུང་། དུག་སྲིན་མི་འདྲ་བས་ནད་དུག་ཐེངས་མང་པོར་འགོ་བའི་ནུས་པར་ཡང་དྲག་ཞན་གྱི་ཁྱད་པར་ཡོད། ཏེར་ཐ་དང་དེ་བཞིན་དེ་སྔོན་གྱི་གཟུགས་འགྱུར་དུག་སྲིན་དང་བསྡུར་ན། ཨོ་སྨི་ཁེ་རོང་ཡང་བསྐྱར་འགོ་དེ་བས་སླ་པོ་ཡོད། དེ་མིན་ཡང་བསྐྱར་འགོ་བར་ཡང་སྔར་བཞིན་ནད་གཞི་ལྕི་བའི་ཉེན་ཁ་ངེས་ཅན་ཡོད་ཅིང་། ཁྱིམ་ནང་གི་རྒན་རྒོན་དང་རྨང་གཞིའི་ནད་ཕོག་པའི་ཉེན་ཚབས་ཆེ་བའི་མི་ཚོགས་ལ་འགོ་བ་ཡིན།
    ལི་ཐུང་གིས། གང་ཐུབ་ཀྱིས་རང་ཉིད་དང་ཉེ་འཁོར་གྱི་མི་ལ་ཕྱི་ནས་འགོ་བ་དང་ཉུང་ཙམ་འགོ་ཐབས་བྱེད་དགོས། སྔོན་ཆད་འགོས་པ་ཡིན་ནའང་ད་དུང་འགོག་སྲུང་ལེགས་པོ་བྱེད་དགོས་པར་མ་ཟད། ནད་དུག་འགོས་རྗེས་ཡང་བསྐྱར་འགོག་ཁབ་རྒྱག་པའི་དགོས་གལ་ཆེ་ཞེས་གསུངས་ཡོད།