2023ཀོང་པོའི་ལོ་གསར་དང་སྒྲ་ལྡན་མདའ་མོ་ཡུལ་སྐོར་རིག་གནས་ཕྲེང་བསྟར་བྱ་འགུལ་གྱི་རབ་མཛེས་ཉིང་ཁྲིའི་དཔྱད་འདེམ་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-16   རྩོམ་ཁུངས།     ཀྲུང་གོ་བོད་ཀྱི་དྲ་བ།

        ཟླ12པའི་ཚེས11ཉིན། ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་གྱི་སྐོར་ཐེངས་བཅུ་བའི་བོད་སྐྱོར་ལས་དོན་རུ་ཁག་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་དང་། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི2023ལོའི་ཀོང་པོའི་ལོ་གསར་དང་སྒྲ་ལྡན་མདའ་མོ་ཡུལ་སྐོར་རིག་གནས་ཕྲེང་བསྟར་བྱ་འགུལ་གྱི་རབ་མཛེས་ཉིང་ཁྲིའི་དཔྱད་འདེམ་བྱ་འགུལ་དེ་པའོ་ཐེ་ཉིང་ཁྲི་མགྲོན་ཁང་ཆེན་མོ་ནས་མཇུག་སྒྲིལ་པ་རེད།

        ཐེངས་འདིའི་དཔྱད་འདེམ་བྱ་འགུལ་གྱིས“མི་ཡུལ་དག་ཞིང·རབ་མཛེས་ཉིང་ཁྲི”ཞེས་པ་བརྗོད་གཞི་གཙོ་བོར་བཟུང་ནས། ཟླ11པའི་ཚེས18ཉིན་བྱ་འགུལ་འགོ་བརྩམས་པ་ནས་བཟུང་། སྒྲུབ་འགན་ཁུར་བའི་སྡེ་ཚན་དང་རྫོང་དང་ཆུས་སོ་སོའི་རིག་གནས་ཡུལ་སྐོར་ཅུའུ་ཡི་རྩ་འཛུགས་དང་ཧུར་ཐག་གིས་སྐུལ་སློང་འོག བསྡོམས་པས་དཔྱད་འདེམ་བྱ་ཡུལ119གིས་མིང་ཐོ་བཀོད་ཡོད།

        ཟླ11པའི་ཚེས29ཉིན། ཆེད་མཁས་དཔྱད་འདེམས་པ་དང་མང་ཚོགས་ཞིབ་དཔྱད་པའི་ཐོག་མའི་གསེད་འདམས་བརྒྱུད། རབ་མཛེས་ཉིང་ཁྲིའི་ཕྲེང་བསྟར་རིགས4བདམས་ནས་བསྡོམས་པས་དཔྱད་འདེམ་བྱ་ཡུལ60དྲ་ཐོག་གི་འདེམ་ཤོག་འཕེན་པ་དང་མཐར་མཇུག་གི་དཔྱད་འདེམ་བར་རིམ་དུ་སླེབས་པ་རེད། ཟླ12པའི་ཚེས11ཉིན། དྲ་ཐོག་གི་འདེམ་ཤོག་གྲངས་ཀ་དང་ཆེད་མཁས་མི་སྣའི་ཡུལ་དངོས་སྐར་མ་བརྒྱབ་པའི་མཇུག་འབྲས་བརྒྱུད། མཐའ་མཇུག་ལྷག་བསམ་རྣམ་དག་གི་འཛུམ་མདངས་དང་། ཞིམ་མངར་ལྡན་པའི་ཟས་རིགས། ཡུལ་སྲོལ་གོམས་འདྲིས་ཀྱི་མགྲོན་ཁང་། རབ་མཛེས་ལེགས་སྐྱེས་བཅས་ཀྱི་རིགས་ཆེན་པོ4ཡི་ཉིང་ཁྲིའི་ཕྲེང་བསྟར་བདམས་པ་མ་ཟད། དཔྱད་འདེམ་བྱ་ཡུལ40རབ་མཛེས་ཉིང་ཁྲིའི་ཕྲེང་བསྟར་སྤུས་རྟགས་ཀྱི་འཐུས་ཚབ་དུ་གྱུར་ཡོད།

        གཞན་ཡང་། རབ་མཛེས་ཉིང་ཁྲིའི་ཕྲེང་བསྟར་སྤུས་རྟགས་ཀྱི་མིང་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད། རིགས་ཆེན་པོ4ཡི་རབ་མཛེས་ཉིང་ཁྲིའི་ཕྲེང་བསྟར་ཡོད་སའི་ས་ཁྲ་ཡང་ཉིན་དེར་ཁྱབ་བསྒྲགས་བྱས་པ་དང་། དེས་རྒྱ་ཆེའི་ཡུལ་སྐོར་པས་ས་ཁྲ་བཞིན་རབ་མཛེས་ཉིང་ཁྲི་བཙལ་ནས་ཉིང་ཁྲིའི་ཡུལ་སྐོར་ལོངས་སུ་སྤྱོད་པར་རོགས་རམ་བྱེད་ཐུབ།

        མ་འོངས་པར། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་དྲིལ་སྒྲོག་ཐད་ཤུགས་སྣོན་བརྒྱབ་ནས། རབ་མཛེས་ཉིང་ཁྲིའི་ཕྲེང་བསྟར་གྲུབ་འབྲས་གསོ་སྐྱོང་དང་འཕེལ་རྒྱས་གང་ལེགས་བཏང་ནས། ས་ཚིགས་ཀྱིས་ས་ཁོངས་ལ་སྣེ་ཁྲིད་བྱས་ནས་ཕྲེང་བསྟར་འགྱུར་སྐྱེས་ཐོན་རྫས་གསར་སྤེལ་བྱས་ནས་མུ་མཐུད་དུ་ཡུལ་སྐོར་ཁྲོམ་རའི་ནུས་པ་འདོན་པ་དང་། ཉིང་ཁྲིའི་ཡུལ་སྐོར་སྤུས་རྟགས་ཕན་ནུས་མཐོར་འདེགས་སུ་བཏང་ནས“བོད་དུ་བསྐྱོད་པའི་ས་ཚིགས་དང་པོ”ཡི་ལེའུ་གསར་བ་རྩོམ་པ་དང་། ཉིང་ཁྲིའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྔོན་འགྲོ་ཆུས་འཛུགས་སྐྲུན་གཏོད་པ་ཇེ་མགྱོགས་སུ་བཏང་ནས། ནུས་ལྡན་གྱིས་ཉིང་ཁྲིའི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུ་རེད། །