ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་47པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་14ཉིན།  ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་47་པ་འཚོགས་ཤིང་།  གྲོས་ཚོགས་ཐོག་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།  གྲོས་ཚོགས་ཐོག་ད་དུང་ཁུལ་ཡོངས་ཀྱི་2022ལོའི་དཔལ་འབྱོར་དམིགས་ཚད་གཙོ་བོ་སྔོན་དཔག་ལེགས་གྲུབ་བྱས་ཚུལ་དང་2023ལོའི་དཔལ་འབྱོར་དམིགས་ཚད་གཙོ་བོའི་གྲོས་འགོ་ཉན་པ་དང་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སོགས་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།
图片
ཁུལ་ཨུ་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་གྲོས་ཚོགས་གཙོ་སྐྱོང་བྱས།
图片

    གྲོས་ཚོགས་ཐོག་བསྟན་དོན།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་འབྲེལ་ཡོད་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་དུས་བབ་གསར་པའི་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དཀའ་ཚེགས་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ནན་པོའི་གཞི་གདངས་གཙོ་བོ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་དགོས་པ་དང་། མི་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཁུལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་མངོན་མིན་རིག་གནས་གསོན་ཉམས་དོད་པ་དང་བརྒྱུད་སྤེལ་ཐུབ་པ་བྱེད་དགོས།  ཀྲུང་དབྱང་དང་ཞིང་ཨུའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་བླང་བྱ་གསར་ཤོས་དོན་འཁྱོལ་བྱེད་དེ།  བློ་བརྟན་འགྱུར་མེད་ངང་"དོན་ཚན་གསར་པ་བཅུ་"དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བརྟན་ལ་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་ཡག་པོ་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་གསོག་འཇོག་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་"མིག་མངས་འགྲིག་སྐོར་གཅིག"་གི་བསམ་བློ་བརྟན་པོ་བཙུགས་ཏེ་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱེད་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བདེ་ཆེན་དུ་བརྟག་ཞིབ་གནང་སྐབས་ཀྱི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་དང་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་འབྲེལ་འབྲེལ་ཡོད་ཞིབ་བཤེར་བསུ་བའི་ལས་དོན་གྱི་གྲ་སྒྲིག་ཡག་པོ་བྱེད་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཕྱི་ལོའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད་པ་དང་། རང་ཁུལ་གྱིས་བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱི་ལོའི་འཕེལ་རྒྱས་ཀྱི་དམིགས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་"དམ་འཛིན་ཆེན་པོ་དྲུག་"དང་ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  ཐོན་ལས་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་དང་ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཡིས་སྣེ་ཁྲིད་དེ་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་དེ་ཞིབ་ཕྲའི་ལས་དོན་ཁྲོད་མངོན་པར་བྱེད་དགོས་པ་དང་། ལས་བྱེད་པས་སྒྲུབ་ཕོད་པ་ཡིས་ས་གནས་ཀྱིས་བྱེད་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་ལ་སྐུལ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་དགོས།

        གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།  ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཚོགས་འདུ་དེ་ངོས་འཛིན་གཅིག་གྱུར་དང་། ངར་ཤུགས་སྐུལ་སློང་བཅས་བྱེད་པའི་གྲོས་ཚོགས་ཤིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་2023་ལོའི་ཁུལ་ཡོངས་ཀྱི་ལས་དོན་ཁག་ཇུས་འགོད་ཡག་པོ་བྱེད་དགོས།  གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་ཁྲིད་སྟོན་མཐའ་འཁྱོངས་བྱེད་དེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དཔེ་མཚོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བོད་འབྲེལ་ཁྱད་ཆོས་ལྡན་པ་དང་དངོས་སྒྲུབ་གོ་ཆོད་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་ཀའི་དཔེ་སྟོན་ས་ཚིགས་ཁག་གཅིག་གཏོད་དགོས།  ཀྲུང་དབྱང་དང་ཞིང་ཆེན་གྱིས་ལས་བྱེད་པ་དང་ཤེས་ལྡན་མི་སྣས་"ཚོགས་སྒྲིག་རྣམ་པའི་"ཐོག་ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། མཁོ་སྤྲོད་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ཁུལ་གྱི་སློབ་གསོ་དང་སྨན་བཅོས། ཚན་རྩལ་བཅས་ཀྱི་ལས་དོན་ཐད་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་དམིགས་གཏད་རང་བཞིན་དང་། གནད་འཁེལ་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་བཏང་སྟེ། "ཁྲག་བླུག་པ"དང་"ཁྲག་བཟོ་བ་"གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དགོས།

        གྲོས་ཚོགས་ཐོག་《བདེ་ཆེན་ཁུལ་གྱི་བུ་བཙའ་ཡི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ》སྐོར་གྱི་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་པ་དང་། ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།