བདེ་ཆེན་ཁུལ་གྱི་ས་གནས་གཉིས་ལ་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང་)གི་མིང་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་དམག་ཁུལ་གྱིས་ཁུན་མིང་གྲོང་ཁྱེར་སོགས་ཁུལ་(གྲོང་ཁྱེར་)10དང་ཝུའུ་ཧྭ་ཆུས་སོགས་རྫོང་(གྲོང་ཁྱེར་)50ལ་ཡུན་ནན་ཞིང་ཆེན་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང་)ཞེས་མིང་འདོགས་རྒྱུའི་གཏན་འབེབས་བྱས་པ་རེད།དེའི་ནང་ལ་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་གཉིས་ཡུན་ནན་ཞིང་ཆེན་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང་)ཞེས་པར་དཔྱད་འདེམས་ཐོབ་པ་རེད།

        གཉིས་བཀུར་ཞེས་པ་ནི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ལ་ཟེར་བ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་རྒྱུ་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་མི་དམངས་བཅས་ལ་དམིགས་བསལ་དུ་ཡོད་པའི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཡིན་པ་དང་། གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང་)གསར་འཛུགས་བྱ་རྒྱུ་ནི་གཉིས་བཀུར་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་གཉིས་བཀུར་ལས་དོན་ལེགས་པར་སྒྲུབ་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་རེད།