ཀུ་ཀུ་ཤ་མོ་བཙུགས་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་གསར་བཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
    གྲང་ངར་ཆེ་བའི་དགུན་དུས།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཅང་པན་གྲོང་ཚོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རུན་ནུང་ཞིང་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་ཡོད་ལ།  ལས་བྱེད་མི་སྣ་བཅུ་ལྷག་གིས་ཀུ་ཀུ་ཤ་མོའི་འཚོ་བཅུད་ཁུག་མ་ལས་སྣོན་བྱེད་བཞིན་ཡོད་དེ་ལོ་རྗེས་མར་ཀུ་ཀུ་ཤ་མོ་འདེབས་འཛུགས་བྱེད་པར་དཔྱིད་འགོ་མ་ཚུགས་གོང་གི་གྲ་སྒྲིག་བྱེད་ཡོད།
    ཀྲང་ཞུའེ་ལི་ནི་སན་པ་ཤང་ཅང་པན་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་ལ། ཁོང་གིས་སྤྱང་གྲུང་ལྡན་པའི་ཀླད་པ་དང་ཡངས་ཤིང་རྒྱ་ཆེ་བའི་མཐོང་རྒྱ། ཕམ་ཁས་མི་ལེན་པའི་གདོང་མཆོང་གི་ངར་ཤུགས་ལ་བརྟེན་ནས་ཀུ་ཀུ་ཤ་མོ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཏེ། ཐོག་མའི་མུའུ་18ནས་ད་ཆའི་མུའུ་682བར་འཕེལ་རྒྱས་ཕྱིན་ནས་མང་ཚོགས་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་གསར་ཞིག་བཏོད་ཡོད་པ་རེད།
图片
    2016ལོར། ས་ཆ་གཞན་དུ་ཚོང་གཉེར་བྱེད་པའི་ཀྲང་ཞུའེ་ལི་ལ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ཀྱིས་ཀུ་ཀུ་ཤ་མོ་འདེབས་འཛུགས་བྱེད་པའི་བསམ་ཚུལ་སྐྱེས། ཁོས་སྔོན་ལ་ཚལ་ཞིང་ནང་སྨི་གྲུ་བཞི་མ་༡༠ཡི་ཀུ་ཀུ་ཤ་མོ་བཙུགས་ནས་ཚོད་ལྟ་བྱས་པ་དང་།  2017ལོར། ཀུ་ཀུ་ཤ་མོ་མུའུ་18དུ་རྒྱ་བསྐྱེད་པ་རེད། དེའི་རིང་ཀྲང་ཞུའེ་ལི་ཁྲེང་ཏུའུ་དང་ཁུན་མིང་སོགས་སུ་ཐེངས་མང་སོང་ནས་ཀུ་ཀུ་ཤ་མོ་འདེབས་འཛུགས་ལག་རྩལ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་བ་རེད། འདེབས་འཛུགས་བྱེད་པའི་གོ་རིམ་ཁྲོད།  ཀྲང་ཞུའེ་ལི་ཡིས་ཉིན་ལྟར་ཀུ་ཀུ་ཤ་མོའི་སྐྱེ་ཚུལ་ལ་ལྟ་ཞིབ་བྱས་ཏེ་སྐད་འཕྲིན་དང་ཁ་པར་སོགས་བརྒྱུད་དེ་ཞིང་ཆེན་ཕྱི་ནང་གི་རིགས་གཅིག་མཁས་ཅན་ལ་བློ་འདྲི་བྱས་ནས་ཀུ་ཀུ་ཤ་མོ་འདེབས་འཛུགས་དོ་དམ་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལག་རྩལ་རིམ་བཞིན་ཁོང་དུ་ཆུད་པ་རེད།  2019ལོར།  ཀྲང་ཞུའེ་ལི་ཡིས་འདེབས་འཛུགས་བྱས་པའི་ཀུ་ཀུ་ཤ་མོ་ལ་ལོ་ལེགས་བྱུང་བ་དང་མུའུ་རེའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་1ཟིན་ཡོད་པ་རེད། 
图片
    གཞི་ཁྱོན་ངེས་ཅན་ཞིག་ཆགས་པ་དང་གྲོང་མི་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་ཆེད   2019ལོར་ཀྲང་ཞུའེ་ལིས་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རུན་ནུང་ཞིང་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་ཀུ་ཀུ་ཤ་མོ་འདེབས་འཛུགས་ཐད་འབད་བརྩོན་བྱས་ཏེ་རིན་མེད་ངང་གྲོང་མིར་སྒོ་རྩར་ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུ་མཁོ་འདོན་བྱས་པ་དང་ཀུ་ཀུ་ཤ་མོ་འདེབས་འཛུགས་དྲོད་ཁང་ཆེ་མོ་དང་། གྲོང་མིས་ཀུ་ཀུ་ཤ་མོ་འདེབས་འཛུགས་བྱེད་པའི"སྒོ་ཐེམ་"གྱི་གནད་དོན་ཐག་གཅོད་བྱས་པ་རེད། སྨིན་རྗེས་ཀྱི་ཀུ་ཀུ་ཤ་མོ་ཡང་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་ཏེ་གྲོང་མིས་བཏབ་ནས་ཇི་ལྟར་འཚོང་བའི་གནད་དོན་ཐག་གཅོད་བྱས་པ་རེད།  2020ལོརའདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་260ཟིན་པ་དང་ཁེ་སྤོགས་སྒོར་ཁྲི་176བྱུང་བ།  2021ལོར་འདེབས་འཛུགས་གཞི་ཁྱོན་མུའུ་682སུ་རྒྱ་བསྐྱེད་པ་དང་ཞིང་དུད་230སྐུལ་ཁྲིད་བྱས་པ་རེད།
图片
    མཉམ་ལས་ཁང་བཙུགས་པ་ནས་བཟུང་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་དེ། ད་ལོར་སན་པ་ཤང་ཏང་ཨུ་དང་སྲིད་གཞུང་གིས་མཉམ་ལས་ཁང་ལ་རོགས་སྐྱོར་བྱས་ནས་ཀུ་ཀུ་ཤ་མོའི་འཚོ་བཅུད་ཁུག་མ་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་བྱས་པ་རེད། ཀྲང་ཞུའེ་ལི་ཡིས་ངོ་སྤྲོད་བྱས་པ་ལྟར་ན་དེ་སྔོན་སྤྱོད་པའི་འཚོ་བཅུད་ཁུག་མ་ནི་ས་ཆ་གཞན་ནས་ཉོ་དགོས་པས་སྐྱེལ་འདྲེན་གྱི་མ་གནས་མཐོ་བ་དང་གསོག་ཉར་སྟབས་བདེ་པོ་མེད། ད་ཆ་རང་ཉིད་ཀྱི་འཚོ་བཅུད་ཁུག་མའི་ལས་སྣོན་བཟོ་གྲྭ་ཡོད་པས་སྐྱེལ་འདྲེན་གྱི་མ་གནས་གྲོན་ཆུང་ཐུབ་པ་དང་འདེབས་འཛུགས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཐུབ་པ་མ་ཟད་ད་དུང་གྲོང་མི་ལས་མི་བྱས་ནས་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཀྱང་བྱེད་ཐུབ་པ་རེད། 
图片