ཏོག་གསར་གྱི་ནད་རྟགས་ཐོན་སྟངས།(ཉིན་དང་པོ་ནས་བདུན་པའི་བར)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-12   རྩོམ་ཁུངས།    ལྷ་ས་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་།

        ཉི་མ་དང་པོ། ཉི་མ་དང་པོར་ནད་རྟགས་མངོན་གསལ་དེ་ཙམ་མེད། འོན་ཀྱང་མིད་པ་སྐམ་པ་དང་མིད་པར་ན་ཟུག་གཏོང་བ། གཟུགས་པོར་ཤུགས་མེད་པ་སོགས་ཀྱི་ནད་རྟགས་ཕྲན་བུ་ཡོང་གི་ཡོད།

        ཉི་མ་གཉིས་པ། ཉིན་གཉིས་པར་ཚ་བ་རྒྱས་པའི་ནད་རྟགས་ཐོན་ཞིང་། མི་ཁ་ཤས་ལ་དྲོད་ཚད་ཏུའུ་39ཙམ་ཟིན་པ་དང་དུས་མཚུངས་སུ་མིད་པའི་ནད་རྟགས་སྡུག་ཏུ་འགྲོ་གི་ཡོད།_

        ཉི་མ་གསུམ་པ། ཉིན་གསུམ་པ་ནི་ནད་རྟགས་ཚབས་ཆེ་ཤོས་ཀྱི་དུས་ཤིག་ཡིན་ཞིང་། དེའི་སྐབས་གཟུགས་པོའི་དྲོད་ཚད་ཏུའུ་39ཡན་ཟིན་པ་དང་། གཟུགས་པོ་ཡོངས་ལ་ཉོབ་སྣང་དང་རུས་གཟེར་རྒྱག་པ། མིད་པའི་ནད་རྟགས་ཇེ་སྡུག་ཏུ་འགྲོ་བ་ཡིན།

        ཉི་མ་བཞི་པ། ཉིན་བཞི་པ་ནས་བཟུང་། གཟུགས་པོའི་ཚ་བ་རྒྱས་མཚམས་འཇགས་ནས་མི་མང་པོ་ཞིག་གི་ལུས་པོའི་དྲོད་ཚད་རྒྱུན་གཏན་ཅན་དུ་གྱུར་བཞིན་ཡོད། འོན་ཀྱང་། མིད་པའི་ན་ཟུག་དང་མིད་པར་ཟ་འཕྲུག་ལངས་པའི་ནད་རྟགས་ད་དུང་གནས་པ་མ་ཟད།  མི་ཁ་ཤས་ལ་སྣ་ཆུ་དོན་པ་དང་གློ་རྒྱག་པ་སོགས་ཀྱི་ནད་རྟགས་ཀྱང་ཐོན་གྱི་ཡོད།

        ཉི་མ་ལྔ་པ། ཉིན་ལྔ་པར་ལུས་པོའི་དྲོད་ཚད་སྤྱིའི་ཆ་ནས་རྒྱུན་གཏན་གྱི་རྣམ་པ་ཆགས་ཀྱི་ཡོད་མོད། སྣ་འགག་པ་དང་། སྣ་ཆུ་དོན་པ། མིད་པ་ན་བ། གློ་རྒྱག་པ། ཉོབ་སྣང་སྐྱེ་བ་སོགས་ཀྱི་ནད་རྟགས་སྔར་བཞིན་གནས་ཀྱི་ཡོད།

        ཉི་མ་དྲུག་པ། bཉིན་དྲུག་པར་ཚ་བ་མེད་པར། གློ་རྒྱག་པ་དང་སྣ་ཆུ་འཛར་བའི་ནད་རྟགས་སྡུག་ཏུ་འགྲོ་གི་ཡོད། དེའང་དེ་སྔོན་ནད་དུག་གིས་དབུགས་ལམ་གྱི་འབྱར་སྐྱི་རྨས་པ། སྣ་ཆུ་དང་གློ་རྒྱག་པ་སོགས་ལ་བརྟེན་ནས་ཕྲ་ཕུང་བེད་མེད་དག་ཕྱིར་འབུད་ཀྱི་ཡོད་པ་རེད།

        ཉི་མ་བདུན་པ།     ཉི་མ་བདུན་པར་གོང་གསལ་གྱི་ནད་རྟགས་སྤྱི་ཡོངས་ནས་མེད་པར་གྱུར་ཞིང་། ཉིང་སྐྱུར་དཔྱད་འབྲས་མང་ཆེ་བ་སྲིབ་གཤིས་མངོན་གྱི་ཡོད་པ་རེད།