བདེ་ཆེན་ཁུལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་དང་གྲོང་གསེབ་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར།   ཁུལ་ཨུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་རང་ཁུལ་གྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་ཀ་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།  ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་དང་གྲོང་གསེབ་མི་སྡོད་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་དགོས་པ་དང་།  རྒྱུན་མི་ཆད་པར་རང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་དགོས་ལ།  བདེ་ཐང་གི་བདེ་ཆེན་འཛུགས་སྐྲུན་བྱེད་པར་འབད་པ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་ལ་རོགས་སྐྱོར་བྱེད་དགོས།

        ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ན་རང་ཞིང་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་འགུལ་གསར་པ་བདུན་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་དང་སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས།  མང་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་ལམ་སྲོལ་བརྒྱུད་དེ་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་བ་དང་སྦགས་བཙོག་བཅོས་སྐྱོང་བྱེད་པ། གནོད་པ་བཞི་སེལ་བ།  བཟའ་རྒྱུ་བློ་བདེ་བ།  སྦྱོང་བརྡར་ལ་བརྩོན་པ། དལ་ནད་ལ་དོ་དམ་བྱེད་པ། ཁྱིམ་ཚང་བདེ་ཐང་ཡོང་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དེ། མང་ཚོགས་ལ་འཚོ་བའི་གོམས་གཤིས་བཟང་པོ་དང་སྐྱོན་བྲལ་ཞིང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཆགས་པ་དར་སྤེལ་གཏོང་དགོས་པ་དང་།  མི་སྒེར་གྱི་བདེ་ཐང་འགན་འཁུར་བ་དངཔོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་མི་སྒེར་གྱི་རིམས་འགོག་ནུས་ཤུགས་དང་འགོག་རྒོལ་གྱི་སྟོབས་ཤུགས་མཐོ་རུ་གཏོང་དགོས།

        ཚོགས་འདུའི་ཐོག་བསྟན་དོན།    མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་འགྱུར་ལྡོག་དང་བསྟུན་ནས་རྒྱལ་ཁབ་ཀྱིས་རིམས་འགོག་བྱ་བ་ལེགས་སྒྱུར་བྱ་ཆེད་བྱེད་ཐབས་གསར་པ་བཅུ་བཏོན་ཡོད་པ་དང་།  འདིས་ང་ཚོས་སླད་ཕྱིན་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་རྒྱུ་ལ་རྩ་བའི་མཛུབ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།   ཁུལ་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་དང་ལས་བྱེད་པ་ཡིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས་བྱེད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་དགོས་ལ།  སྲིད་ཇུས་ཀྱི་ལེགས་སྒྲིག་གིས་རིམས་ནད་ལ་ཁ་གཏད་ནས་ཡོངས་སུ་གློད་པ་མཚོན་མེད་པ་དང་། སྔར་ལས་ལྷག་པར་ཚན་རིག་དང་མཐུན་པའི་སྒོས་རིམས་འགོག་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ཚད་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་པ་དང་རིམས་ནད་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དེ་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས།

        ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་བྱེད་ཐབས་གསར་པ་བཅུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་འབྲེལ་ཡོད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་རང་ཁུལ་གྱི་འབྲེལ་ཡོད་དོན་འཁྱོལ་བྱེད་ཐབས་གང་མགྱོགས་འདོན་དགོས་པ་དང་། རིམ་པ་ཁག་གི་སྨྱན་སྦྱོར་བརྒྱུད་དེ་རྒྱལ་ཁབ་གྱི་འབྲེལ་ཡོད་སྲིད་ཇུས་དང་བླང་བྱ་ལ་འགྲེལ་བཤད་ཡག་པོ་བྱེད་དགོས་ཏེ།  མང་ཚོགས་ལ་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་དགོས།  མིག་སྔར་ལ་གཞི་ཚུགས་པ་དང་ཕུགས་རིང་ལ་ཇུས་འགོད་བྱེད་དེ་གྲོང་གསེབ་ལས་དོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་གྲོང་གསེབ་མི་སྡོད་ཁོར་ཡུག་གི་གདང་རིམ་1དང་ཚད་གཞི་8ཞེས་པར་དམ་པོ་དམིགས་ནས་གྲོང་གསེབ་ཀྱི་ཏང་ཡོན་དང་མང་ཚོགས་སོགས་སྐུལ་སློང་བྱེད་དེ་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་ཚ་རླབས་འཕྱུར་དུ་འཇུག་པ་དང་གྲོང་གསེབ་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་མཐོར་འདེགས་དགོས། གཅིག་གྱུར་འཆར་འགོད་ཀྱིས་རིམ་པ་ཁག་གི་སྨན་བཅོས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དེ་རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་དང་འགྲན་སློང་ལ་རང་འགུལ་ངང་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།