ཁུལ་ཡོངས་ཀྱི་2022ལོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་དཔལ་འབྱོར་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་11ཚེས་29ཉིན་གྱི་སྔ་དྲོ་བདེ་ཆེན་ཁུལ་ཡོངས་ཀྱི་2022ལོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་དང་དཔལ་འབྱོར་ལས་དོན་བཀོད་གཏོང་ཚོགས་འདུ་དེ་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་ཁང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་གསར་བརྗེ་དང་ལས་ཕྱོད་གསར་བརྗེ་ལག་ལེན་གཏིང་ཟབ་ཏུ་བསྟར་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་དེ་གནད་དོན་ལ་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ལས་དོན་ཁག་གཅིག་འདོམས་ཡག་པོ་བྱེད་དགོས་པར་བསྟན་ཡོད། 

ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་རྒྱུན་མཐུད་ངང་འཕྱུར་བར་བྱས་ཏེ་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་དང་། དོན་འཁྱོལ་ཏན་ཏིག    ཕན་འབྲས་དངོས་ཐོན་པ་བཅས་བྱ་རྒྱུའི་འགན་ལེན་བྱེད་དགོས།   སྒྲོག་འགྲེལ་བྱེད་རིང་ཞིབ་ཕྲའི་ལས་དོན་དང་ཟུང་འབྲེལ་དམ་ཚགས་མེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་ཚད་དོ་སྙོམས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་མི་དང་བྱ་བར་བརྟེན་ནས་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་ཁྲིད་སྟོན་དེ་བས་ལེགས་པ་བྱས་ནས་ཐུན་མོང་གི་ངོས་འཛིན་ཆགས་པར་བྱེད་དགོས།

ཚོགས་འདུའི་ཐོག་རིམས་ནད་ལ་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་ལ་བདེ་འཇགས་ཡོང་བ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་མིག་སྔའི་གཙོ་གནད་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་ནི་བླ་ན་མེད་པ་ཡིན་པ་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་། ཕྱི་འགོག་ནང་འདྲེན་དང་ནང་འགོག་བསྐྱར་འཕར་གྱི་སྤྱིའི་ཐབས་ཇུས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་གཏོང་དགོས།    འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་བྱས་ནས་ལེགས་འགྱུར་བྱེད་ཐབས་ཀྱི་བླང་བྱ་དོན་ཚན་ཉི་ཤུ་ཚན་རིག་དང་མཐུན་ཞིང་གནད་འཁེལ་གྱི་སྒོ་ནས་དོན་འཁྱོལ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་སྔོན་འགོག་ལེགས་པོ་བྱེད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། དཔལ་འབྱོར་ལས་དོན་ཐད་མཐའ་མའི་ཟླ་བ་གཅིག་གི་གདོང་མཆོང་དུས་ཚོད་དམ་འཛིན་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ལོ་འཁོར་གྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས། ལོ་འདིའི་ལོ་མཇུག་དང་ལོ་འགོའི་ལས་ཀའི་ཁྱད་ཆོས་དང་བསྟུན་ནས་ཁྱབ་ཁོངས་ཁག་གི་འགལ་བ་དང་མངོན་མེད་རྐྱེན་ངན་རྩད་ཞིབ་གཙང་སེལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པར་བསྟན་ཡོད། 


ཚོགས་འདུའི་ཐོག་ཞིང་ཆེན་གྱི་ཐེངས་བཞི་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་གྱི་དག་ཐེར་གྲ་སྒྲིག་ལས་དོན་ནན་ཏན་ངང་སྒྲུབ་དགོས། ཞིང་ཆེན་ཨུ་ལྷན་གྱི་སྐོར་གཟིགས་ཚོ་ཆུང་གི་སྐོར་གཟིགས་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་། འབྲེལ་ཡོད་ཞབས་ཞུའི་འགན་སྲུང་ལེགས་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད།  ཚོགས་འདུའི་ཐོག་ད་དུང་བཀོད་གཏོང་ཚོགས་འདུ་ཐེངས་བཅུ་པའི་ལས་དོན་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་ནས་ཟླ་11པའི་འབྲེལ་ཡོད་ལས་དོན་བཀོད་གཏོང་བྱས་ཡོད།