སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུའི་ཚོགས་འདུ་ཐེངས་45པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།



    ཟླ་11པའི་ཚེས་25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་45བ(རྒྱ་སྐྱེད)གཙོ་སྐྱོང་བྱས་པ་རེད།


 

      ཚོགས་འདུའི་ཐོག《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》དང་།《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“གཏན་འཁེལ་གཉིས”ཀྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་པ་དང་ཟོལ་མེད་ཀྱི་ལག་ལེན་པ་ཞིག་བྱེད་དགོས། “སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་།  སེམས་པ་པེ་ཅིང་ལ་ཕྱོགས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས“ཨང་དང་པོ་ལྔའི”ལམ་སྲོལ་འགན་ལེན་དུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་སེམས་གཅིག་ཏུ་འདྲེས་པར་རྒྱུན་སྲིང་ཐུབ་པ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་གཏོད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པར་བསྟན་ཡོད། 

    ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བདེ་ཆེན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས་པར་བསྟན་ཡོད།

    ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་བཏོན་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་བསྡུར་ནན་ཏན་བྱས་ནས་བླང་བྱ་ཁག་དངོས་ཚན་ཅན་དང་། ཞིབ་ཕྲ་ཅན། འགན་འཁྲི་ཅན་བཅས་སུ་འགྱུར་བ་བྱེད་དགོས།

   

 ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དམ་འཛིན་ནན་པོ་དང་ཞིབ་ཕྲ་དང་ཏན་ཏིག་གི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


    ཚོགས་འདུའི་ཐོག་ད་དུང《བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《བདེ་ཆེན་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན་གྱི་འཆར་འགོད(2021ལོ་ནས་2025ལོའི་བར)》 《དུས་རབས་གསར་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་གྲོས་འཆམ་བྱས་པ་རེད། 2022ལོའི་ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་དང་། རྒྱུན་རྣམ་ཅན་གྱི་ནག་ཚོགས་གཙང་སེལ་གྱི་འཐབ་རྩོད་ལས་དོན།  སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཚུལ་གྱི་སྙན་ཞུ་བཅས་ལ་གསན་པ་རེད།