ཀྲང་ཝེ་ཏུང་གིས་སློབ་གསོའི་སྡེ་ཁག་ལ་ཚོཊ་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ་11ཚེས་24ཉིན་གྱི་སྔ་དྲོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་གསོའི་ཁོངས་གཏོགས་ཀྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཤིང་།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་སྒྲོག་འགྲེལ་གནང་བ་རེད།

    ཚོགས་འདུའི་ཐོག ཀྲང་ཝེ་ཏུང་གིས་འདས་པའི་ལོ་5རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་ཆེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་སོགས་ལ་དམིགས། རང་ཁུལ་གྱི་སློབ་གསོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་ཚོགས་བྱས་པའི་དོན་སྙིང་གལ་ཆེན་དང་ཚོགས་ཆེན་སྙན་ཞུའི་ནང་དོན་གཙོ་བོ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་སློབ་གསོ་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པར་གསོན་ཉམས་དོད་པའི་སྒྲོག་འགྲེལ་བྱས་པ་རེད།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས“ཕྱོགས་གསུམ་གཞི་གཅིག”ལ་གཅིག་གྱུར་བཀོད་སྒྲིག་བྱེད་ཐེངས་དང་པོར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོར་ཐུགས་ཁུར་དང་མཐོང་ཆེན་གནང་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་གནང་བ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་སློབ་གསོའི་རྨང་གཞིའི་རང་བཞིན་དང་། སྔོན་ཁྲིད་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གོ་གནས་དང་ནུས་པར་རེ་སྒུག་གནང་བ་གཏིང་ཟབ་ཏུ་མཚོན་ཡོད། ཁུལ་ཡོངས་ཀྱི་སློབ་གསོའི་སྡེ་ཚན་གྱིས་2035ལོའི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་ལས་འགན་ལ་གཞི་ཚུགས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་བླང་བྱ་མཐའ་འཁྱོངས་ཀྱིས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་དང་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སློབ་གསོ་ལུས་རྩལ་སྡེ་ཚན་དང་རིམ་ཁག་དང་རིགས་ཁག་གི་སློབ་གྲྭས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་བརྩིས་ནས་བསམ་གཞིག་གི་རྣམ་འགྱུར་ཐོག་ནས་རང་རེའི་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ལྷག་པའི་གནད་དོན་ལ་ལྟ་སྟངས་འཛིན་པ་དང་འབྲེལ་བདེ་ཆེན་གྱི་སློབ་གསོའི་གོམ་སྟབས་རྗེས་མར་གང་དུ་བསྐྱོད་རྒྱུའི་ཐད་གྲོས་བསྡུར་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སློབ་གསོ་དར་སྤེལ་གྱི་བྱ་ཐབས་ཉི་ཤུ་དམ་འཛིན་བྱ་གཞིར་བྱས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལམ་སྲོལ་དང་སློབ་གསོའི་ཤེས་ལྡན་མི་སྣའི་རིན་ཐང་གཟེངས་བསྟོད་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁུལ་དང་། རྫོང་། གྲོང་ཁྱེར་བཅས་ཀྱི་སློབ་གསོ་ཞིབ་འཇུག་དཔུང་ཁག་འཛུགས་སྐྱོང་ཡག་པོ་བཅས་བྱེད་དགོས། ཁུལ་ཐད་གཏོགས་ཀྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་སློབ་གྲྭའི“ཁུལ་གྱིས་དོ་དམ་དང་སློབ་གྲྭར་གདན་ཞུ་བྱེད་པའི”སྒྱུར་བཅོས་ཐབས་ལམ་དང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁུལ་ཡོངས་ཀྱི་དགེ་རྒན་བརྗེ་ལེན་སྤེལ་རེས་དང་དགེ་རྒན་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་གསར་གཏོད་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་དགེ་རྒན་གྱི་ཀུན་སྤྱོད་སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི་ལམ་ལུགས་ལག་ལེན་བསྟར་ནས་ཁུལ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་ཁྲོད་སྒྲོག་འགྲེལ་ཚོགས་འདུར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། “གོམ་སྟབས་རྗེས་མར་ངས་སྒྲོག་འགྲེལ་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཁྲོད་ཧུར་ཐག་ཞུགས་ནས་སྣེ་ཁྲིད་དེ་སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་ལག་ལེན་བྱེད་པ་དང་། སློབ་ཁྲིད་ཆུ་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། བདེ་ཆེན་མི་དམངས་བློ་ཡིད་ཚིམ་པའི་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་བདེ་ཆེན་གྱི་སློབ་གསོ་འཕེལ་རྒྱས་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ལི་གཡོད་ཁུན་གྱིས་བཤད།
    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥང་བྱེད་སྒོར་ཞུགས་པ་རེད།