ལྷ་ས་ལྷུན་གྲུབ་རྫོང་དུ་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་དུ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-24   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

9fff1918-a478-4b49-958a-7ea6b8842a71.jpg.1.jpg

འདི་ནི་བྱང་ཁ་ཤང་གི་ཞིང་ཁའི་ནང་ཅི་དགར་རོལ་བའི་ཁྲུང་ཁྲུང་སྐེ་ནག་ཡིན་པ། 

    བོད་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དང་འཕན་པོ་གཙང་པོ་རྒྱུག་ཁུལ་དུ་གནས་ཡོད། རྫོང་དེ་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་ས་ཁུལ་གྱི་ཁྲོད་ནས་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་མང་ཤོས་ཀྱི་གཅིག་སྡུད་སྲུང་སྐྱོང་ཁུལ་ཞིག་རེད།

    ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རེད། མིག་སྔར་ལོ་ལྟར་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་བྱེད་མཁན་ཁྲུང་ཁྲུང་སྐེ་ནག་2000ཙམ་ཟིན་ཞིང་། ལྷུན་གྲུབ་རྫོང་ཁོངས་ཀྱི་འདམ་ར་མང་ཆེ་བ་ཁྲུང་ཁྲུང་སྐེ་ནག་གི“དགུན་དུས་དགའ་ཚལ”དུ་གྱུར་ཡོད། །