ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོངས་གྲོག་རོང་གྲོང་རྡལ་དུ་སོང་ནས་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བསྒྲགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་11ཚེས་21ཉིན་གྱི་སྔ་དྲོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་སྟག་མཆོངས་གྲོག་རོང་གྲོང་རྡལ་ཁྲང་ཧྲེང་གྲོང་ཚོར་གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་དང་ཏང་ཀྲི་པུའུ་ནང་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད། བསྒྲགས་བཤད་བྱེད་རིང་། ཀྲང་ཝེ་ཏུང་གིས་གསོན་ཉམས་ལྡན་པའི་སྐད་བརྡ་སྤྱད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཙོ་བོར་དམིགས། ལོ་བཅུའི་རིང་གི་བདེ་ཆེན་གྱི་འཕོ་འགྱུར་ཆེན་པོ་དང་ཟུང་འབྲེལ་བྱས་ནས“གཏན་འཁེལ་གཉིས”རྒྱས་བཤད་བྱས་པ་དེ་ནི་ང་ཚོའི་འཚོ་བ་རྒྱུན་ཆད་མེད་པར་བདེ་སྐྱིད་ཕུན་སུམ་ཚོགས་པའི་རྨང་གཞི་ཆེ་ཤོས་དེ་ཡིན་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དུ་འགྱུར་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ངང“སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་དུ་ཕྱོགས་དགོས”ཞེས་ཤོད་པ་དང་བློ་བརྟན་འགྱུར་མེད་ངང་“ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་བྱེད་དགོས། ཁོང་གིས་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིབ་ཕྲའི་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཀྲང་ཝེ་ཏུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་ནང་གསལ་པོར་བཀོད་པའི་ཐབས་ཇུས་དང་བཀོད་སྒྲིག་དག རང་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་སློབ་སྦྱོང་དང་། བསམ་བློ། བེད་སྤྱོད། ཤེས་རྟོགས། བྱ་སྤྱོད་བཅས་གཅིག་གྱུར་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བཅས་བརྟན་གཏོང་བའི“དོན་ཆེན་བཞིའི”ཐད་དོན་འཁྱོལ་བྱས་ཏེ་མཐུན་སྒྲིལ་ཕྱུག་འགྱུར་ཤེས་དཔལ་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།

    ཀྲང་ཝེ་ཏུང་གིས་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་དང་བསམ་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་བྱ་སྤྱོད་དེ་བསམ་བློའི་ཐོག་གཅིག་གྱུར་དང་ལས་ཀའི་དོན་དངོས་ཁྲོད་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པར་ལེའུ་གསར་པ་ཞིག་བརྩམས་ནས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བསྒྲགས་བཤད་བྱེད་མཁན་ཡག་པོ་ཞིག་བྱས་ནས་མང་ཚོགས་ཀྱི་ཁྲོད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐོར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཚ་རླབས་ཤིག་འཕྱུར་བར་བྱ་དགོས། གཞི་རིམ་གྱི་མདུན་ཕྱོགས་ཀྱི་ལས་བྱེད་མི་སྣས་སྙིང་སྟོབས་ཆེར་སྐྱེད་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ནུས་ཆེ་རུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྣེ་ཁྲིད་དུ་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཉིན་དེར་ཀྲང་ཝེ་ཏུང་དང་བཅས་པས་ད་དུང་སྟག་མཆོངས་གྲོག་རོང་གྲོང་རྡལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད། ཅིན་ཤིན་གྲོང་ཚོའི་སྦྲང་རྩི་ལས་སྣོན་བཟོ་གྲྭར་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་སྦྲང་གསོའི་དུད་ཚང་གི་འཐུས་མི་སོགས་དང་སྤེལ་རེས་དང་གླེང་མོལ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་ལྷག་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་ནས་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་པ་མ་ཟད། ཁོང་ཚོར་དཀའ་སྤྱད་འབད་འཐབ་དང་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་གཏོད་རྒྱུའི་ལྕག་སྐུལ་བྱས་པ་རེད།