རིམས་འགོག་སྐབས་སུ་རྒན་པ་རྣམས་ཀྱིས་ཇི་ལྟར་རང་སྲུང་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

རིམས་འགོག་གི་སྐབས་སུ། རྒན་པ་རྣམས་ཕྱི་ལ་འགྲོ་སྐབས་ཁ་ཐུམ་ལེགས་པོར་རྒྱག་པ་དང་མི་ཚོགས་འདུ་སར་ཉུང་ཉུང་འགྲོ་བ།  བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་འཛིན་པ་དང་ལག་པའི་འཕྲོད་བསྟེན་ལེགས་པོ་བྱ་བ་སོགས་སྤྱིར་བཏང་གི་འགོག་སྲུང་ལེགས་པོར་བསྒྲུབ་དགོས་པར་མ་ཟད།  གཤམ་གྱི་དོན་ཚན་འདི་དག་ལའང་ལྷག་ཏུ་དོ་སྣང་བྱ་དགོས།
༡. ནད་གཞི་རྙིང་བའི་དབང་གིས་ཡུན་རིང་ལ་སྨན་འཐུང་དགོས་པའི་རྒན་པས་རང་དགར་སྨན་འཐུང་མཚམས་འཇོག་མི་རུང་བ་དང་།  དུས་ལྟར་ཉེ་འཁོར་གྱི་མཁར་སྡེའི་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སུ་སྨན་ལེན་པར་འགྲོ་བའམ།  ཡང་ན་སྨན་པའི་ངག་བཞིན་ཡུན་རིང་ལ་འདང་བའི་སྨན་ཡིག་བླངས་ཏེ་སྨན་པར་སྟོན་དུ་འགྲོ་ཐེངས་ཇེ་ཉུང་དུ་གཏོང་བ་དང་།  ཁྱིམ་མིས་ཚབ་བྱས་ནས་སྨན་ལེན་དུ་སོང་ན་ཡང་ཆོག
༢. དབུགས་ལམ་གྱི་ནད་མཆེད་བཞིན་པའི་སྐབས་སུ་ཕྱི་ལ་ཉུང་ཉུང་འགྲོ་བ་དང་།  གལ་ཏེ་ངེས་པར་དུ་ཕྱི་ལ་འགྲོ་དགོས་ཚེ། ཁ་ཐུམ་ལེགས་པོར་རྒྱག་པ་དང་ལག་པའི་འཕྲོད་བསྟེན་ལེགས་པོ་བྱ་དགོས།
༣. ཉིན་རྒྱུན་གྱི་འཚོ་བའི་སྤྱོད་དངོས་རང་རང་གཅིག་པུས་སྤྱོད་དགོས།
༤. སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ་དང་འགུལ་སྐྱོད་འོས་འཚམ་བྱེད་པ། ཟས་ཚད་དང་རན་པར་བསྟེན་པ།  འཚོ་བར་ཆོས་ཉིད་ལྡན་ཞིང་གཉིད་འདང་བར་ཁག་ཐེག་བྱ་དགོས།
༥. སྲིད་གཞུང་དང་དབང་གྲགས་ལྡན་པའི་སྨྱན་བྱད་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་ཁུར་བྱེད་པ་ལས།  དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བསྒྲགས་པ་བྱ་རྒྱུ་གལ་ཆེ།
༦. བདག་གཉོར་བྱེད་མཁན་གྱི་མི་སྣས་རང་གི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ཏེ་ཕྱི་ལ་ཉུང་ཉུང་འགྲོ་བ་དང་། གལ་ཏེ་ངེས་པར་དུ་ཕྱི་ལ་འགྲོ་དགོས་ཚེ་རང་སྲུང་ཡག་པོ་བྱ་རྒྱུ་གལ་ཆེ།།