ཝང་ཧྲུའུ་ཧྥུན་གྱིས་བདེ་ཆེན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་16ཉིན།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཧྲུའུ་ཧྥུན་འཇོལ་རྫོང་དུ་བསྐྱོད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།  མོས་ནན་བཤད་བྱས་དོན།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་།  ཕྱོགས་ཡོངས་ནས་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཆུད་པ་བྱེད་དེ།  ཐུན་མོང་ཕྱུག་འགྱུར་ཡོང་རྒྱུ་དམིགས་ཚད་དུ་བྱས་ནས་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ཡག་པོ་བྱེད་དགོས།
图片
        འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཨ་ཏུན་ཙི་སྡེ་ཁུལ་གྱི་གཞི་རིམ་མང་ཚོགས་ལ་སྒྲོག་འགྲེལ་བྱས་སྐབས།  ཝང་ཧྲུའུ་ཧྥུན་གྱིས་ཚོགས་ཆེན་གྱི་བརྗོད་དོན་ཁོང་དུ་བརྟན་པོ་ཆུད་པ་དང་།  འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུ་ཡི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ།  དུས་རབས་གསར་པའི་རྒྱང་སྐྱོད་གསར་པར་རང་རྒྱལ་ལ་འཕྲད་ཡོད་པའི་གནས་བབ་གསར་པ།  ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལས་འགན།  རླབས་ཆེ་བའི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་པའི་བླང་བྱ་གལ་ཆེན། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་སོགས་ཀྱི་ཐད་ལ་འཇོལ་རྫོང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས་ཡོད་པ་རེད།
        ཝང་ཧྲུའུ་ཧྥུན་གྱིས་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས་ལ།  མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་།  དམངས་གཙོས་གྲོས་མོལ།  དམངས་གཙོས་ཇུས་ཐག་གཅོད་པ།  དམངས་གཙོས་དོ་དམ།  དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་འགན་ལེན་བྱེད་དགོས། རིམ་པ་ཁག་གི་དམངས་ཆེན་འཐུས་མི་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་གཞི་ཚུགས་ནས་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  དམངས་ཀྱི་འདོད་བློ་ཡག་པོ་བྱེད་དགོས་པ་མ་ཟད།  མང་ཚོགས་དང་འབྲེལ་གཏུག་བྱེད་པའི་བརྒྱུད་རིམ་ཁྲོད་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་བར་སྣེ་ཁྲིད་བྱེད་དགོས།