བདེ་ཆེན་ཁུལ་གྱིས་ཡུན་ནན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་15ཉིན།  རང་ཁུལ་གྱིས་ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།  

ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་བཞུགས་མོལ་ཚོགས་འདུར་ཞུགས།

ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པའི་ཏང་ཨུ་ཧྲུའུ་ཅི།  ཏུང་ཧྲི་ཀྲང་ཁྲེན་ཙུའུ་ཅུན་བཞུགས་མོལ་ཚོགས་འདུར་ཞུགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས།

        ཚོགས་འདུའི་ཐོག ཕྱོགས་གཉིས་ཀ་ཡིས་འབའ་ལུང་ནས་ཡེ་ཀྲི་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཟླ་འོད་གྲོང་ཆུང་སོགས་གཙོ་གནད་རྣམ་གྲངས་སྐོར་སྤེལ་རེས་གཏིང་ཟབ་བྱས་པ་མ་ཟད།  འབྲེལ་ཡོད་ལས་ཀ་སྐོར་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

        ཝང་དབྱི་ཀྲི་ཡིས་ཡུན་ནན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་།  དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་དང་ཡུན་ནན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་གཉིས་ཀྱིས་འགྲིམ་འགྲུལ་དང་ཆུ་བེད། གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་མཉམ་ལས་མང་པོ་བྱས་ཡོད་ལ།  ཕྱོགས་གཉིས་ཀ་ལ་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད།  བདེ་ཆེན་ནི་ཡུན་ནན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་གཅིག་པུ་དེ་ཡིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁྲལ་བྱེད་པའི་ས་གནས་ཤིག་ཡིན།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་གོ་བབ་གལ་ཆེན་ལྡན།   ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དང་ཞིང་ཆེན་གྱིས་བདེ་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་ཡོད་པ་དང་། མ་འོངས་པར་བདེ་ཆེན་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་དེ་བས་ཡག་པོ་ཡོད།  ཕྱོགས་གཉིས་ཀ་ཡིས་ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚོང་ར་ཅན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ།   གོ་སྐབས་དམ་འཛིན་དང་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དེ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བྱེད་དགོས།

        ཁྲེན་ཙུའུ་ཅུན་གྱིས་བསྟན་དོན། འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ནི་ཡུན་ནན་ཞིང་ཆེན་གྱི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྐང་འཛིན་ཁེ་ལས་གཙོ་བོ་ཡིན་ལ།  ཚོགས་པ་དང་བདེ་ཆེན་ཁུལ་བར་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་དེ། མ་འོངས་པར་ཕྱོགས་གཉིས་ཀའི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།  གོམ་སྟབས་རྗེས་མར།  ཡུན་ནན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཡིས་སྔར་ལས་ལྷག་པར་བདེ་ཆེན་ཁུལ་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་།  བདེ་ཆེན་དང་དེ་བས་རྒྱ་ཆེ་ལ་གཏིང་ཟབ་པའི་མཉམ་ལས་བྱེད་རྒྱུ་ཡིན་ལ།  བདེ་ཆེན་འདི་ཉིད་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བྱུང་བ་ལ་བྱས་རྗེས་དེ་བས་ཆེན་པོ་འཇོག་རྒྱུ་ཡིན།