མཚོ་ནུབ་ཤུག་རི་མཛེས་ལྗོངས་ཁུལ་དུ་ཤྭ་སྐྱའི་ཁྱུ་ཚོགས་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-17   རྩོམ་ཁུངས།     ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཤུག་རི་མཛེས་ལྗོངས་ཁུལ་དུ་ཤྭ་སྐྱའི་ཁྱུ་ཚོགས་རི་ཀླུང་དུ་བརྒྱུད་ཅིང་རྩེད་འཇོར་རོལ་བཞིན་ཡོད། 

        ཤྭ་སྐྱ་ནི་རང་རྒྱལ་ནས་ཁྱད་དུ་ཡོད་པའི་ཤྭ་བའི་རིགས་ཡིན་པ་མ་ཟད། དེ་ནི་དཔེ་མཚོན་ཅན་གྱི་མཐོ་གྲང་སྲོག་ཆགས་ཡིན། དེ་དག་ས་བབ་སྨི3500-5100བར་འཚོ་སྡོད་བྱེད་བཞིན་ཡོད་ལ། གཙོ་བོ་མཚོ་བོད་མཐོ་སྒང་དང་མཐའ་མཚམས་ས་ཁུལ་གྱི་མཐོ་རི་རྩྭ་ཐང་ས་ཁུལ་དུ་ཁྱབ་པས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན། 

        ཉེ་བའི་ལོ་འགའི་རིང་། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་བསྟུན། སྔོན་ཆད་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་མཐོང་ཐུབ་པར་གྱུར། སྐྱེ་ཁམས་ཁོར་ཡུག་བཟང་བོས་རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་སྤེལ་དང་བབ་སྡོད་ལ་འཚོ་གནས་ཀྱི་ཡུལ་ཁམས་སྐྲུན་ཡོད། །