ཝང་དབྱི་ཀྲི་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་བརྟག་དཔྱད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་11པའི་ཚེས་11ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་འགག་སྒོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་རུ་ཟབ་ཞུགས་བྱས་ནས་འཐབ་ཕྱོགས་དང་པོའི་ལས་འགན་སྒྲུབ་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་དང་འཚོ་བའི་དངོས་ཟོག་འགན་སྲུང་།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་འགྱུར་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་གནང་སྐབས་ནན་བཤད་བྱས་དོན།  ཁུལ་ཡོངས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་11པའི་ཚེས་10ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན།  ཞིང་ཨུའི་ལས་དོན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་དགོས།  གཙོ་གནད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་སྔར་བས་ལེགས་འགྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་དོན་འཁྱོལ་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
图片
        ཝང་དབྱི་ཀྲི་ཡིས་ནན་བཤད་གནང་དོན།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ཆ་ཚང་དང་ཡང་དག ཕྱོགས་ཡོངས་ནས་དོན་འཁྱོལ་མཐའ་ཕྱིན་བྱེད་དགོས་པ་དང་།  ལས་དོན་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས།  སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལེགས་འགྱུར་དང་ཞིབ་བཤེར་འགག་སྒོའི་ལས་དོན་ཁག་ལེགས་འགྱུར་བྱེད་དགོས་ལ།  སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས་ཏེ་ཆེས་ཆེ་བའི་ཆབ་འབངས་ཅན་དང་སྟབས་བདེ་ཅན་མངོན་འགྱུར་བྱེད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས།  ཧུར་ཐག་སྒོས་གོང་རིམ་ལ་སྙན་ཞུ་འབྲེལ་མཐུད་བྱེད་དགོས་ཏེ་གོང་རིམ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས།  འཐབ་ཕྱོགས་དང་པོའི་ལས་བྱེད་མི་སྣ་ལ་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ།  ལས་ཀའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ལུགས་མཐུན་བྱེད་དགོས་པ་དང་འཚོ་བའི་འགན་སྲུང་ལག་བསྟར་ཡག་པོ་བྱེད་དགོས།   སྔར་ལས་ལྷག་པར་བསམ་བློའི་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་ཏེ།  ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་བ།  ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་ཐུབ་པ་བྱེད་དགོས།
图片
        ཝང་དབྱི་ཀྲི་ཡིས་བླང་བྱ་བཏོན་དོན།  ལོ་འཁོར་དང་ལོ་མཇུག་གི་དུས་ཚོད་ཀྱི་ཚིགས་ཚེག་ལ་གཞི་བཙུགས་ཏེ། ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་བྱེད་དགོས་པ་དང་དཔལ་འབྱོར་བརྟན་པོ་ཡིན་དགོས།  འཕེལ་རྒྱས་བདེ་འཇགས་ཡིན་དགོས་ཞེས་པའི་བླང་གལ་ཆེན་ལག་བསྟར་བྱེད་པར་དམིགས་ནས། ལས་ཆོད་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་དང་ནགས་ཚལ་མེ་འགོག  བདེ་འཇགས་ཐོན་སྐྱེད་སོགས་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་ལག་བསྟར་གཏིང་ཟབ་བྱེད་དགོས་ལ།  ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་དགོས་པ་དང་བློ་ཐག་རྦད་ཆོད་ཀྱིས་འགན་མི་འཁུར་བའི་རྣམ་འགྱུར་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།  རིམ་པ་རེ་རེ་བཞིན་སྣོན་པ་དང་གཅིག་དཔེ་བརྒྱ་འགེབས་སོགས་ཀྱི་བྱེད་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དེ།  ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡིན་པ་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་བྱུང་བར་ཁག་ཐེག་བྱེད་དགོས།