འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-11   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན་ཁང་།

འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ། 

    ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་སོ་གཉིས་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། སྐབས་བཅུ་བདུན་པའི་ཁྲང་ཅང་ཐའོ་ཧྥེན་བྱ་དགའ་དཔྱད་འདེམས་བྱས་འབྲས་དེ་སྤྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཡོངས་ཀྱི་རིམ་ཁག་གི་རིགས་སོ་སོའི་འཕྲིན་སྦྱོར་གྱི་བརྩམས་ཆོས་སུམ་བརྒྱ་དོན་དྲུག་ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས་ཁྲོད། དམིགས་བསལ་བྱ་དགའ་གསུམ་དང་། ཨང་དང་པོ་དོན་གཉིས། ཨང་གཉིས་པ་བརྒྱ་དང་བཅུ་དྲུག ཨང་གསུམ་པ་བརྒྱ་དང་གྱ་ལྔ་བཅས་ཡོད་པར་མ་ཟད། ད་དུང་ཁྲང་ཅང་ཐའོ་ཧྥེན་བྱ་དགའ་བདམས་པ་དང་། ཁྲང་ཅང་དང་ཐའོ་ཧྥུན་བྱ་དགའ་སོ་སོ་ཐོབ་མཁན་མི་སྣ་བཅུ་རེ་ཁྱབ་བསྒྲགས་བྱས་པ་རེད།

    ངེད་བརྙན་འཕྲིན་ཁང་གི་འཆི་མེད་དབང་མོར་ཐེངས་འདིའི་དཔྱད་འདེམས་ཁྲོད་ནས་ཁྲང་ཅང་ཐའོ་ཧྥེན་བྱ་དགའི་ཁྲང་ཅང་ཁོངས་གཏོགས་ཀྱི་བྱ་དགའ་ཐོབ་པ་རེད། ཁྲང་ཅང་ཐའོ་ཧྥེན་བྱ་དགའ་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱུན་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གསར་འགྱུར་ལས་དོན་པའི་བྱ་དགའ་ཆེ་ཤོས་དེ་ཡིན་ཞིང་། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་དང་དཔྱད་འདེམས་བྱེད་བཞིན་ཡོད་པ་དང་། གསར་འགྱུར་འཕྲིན་སྦྱོར་ལས་རིགས་ཀྱི་ལས་ཞུགས་མི་སྣར་སྤྲོད་པའི་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་ཆེ་ཤོས་ཡིན། 

    འཆི་མེད་དབང་མོས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་མི་དམངས་ལྟེ་བར་འཛིན་པས་གསར་གཏོད་ཁྲིད་སྟོན་བྱས་ཏེ། ལོ་རྟག་པར་གཞི་རིམ་དང་མཐོ་སྒང་དུ་ལེ་ཚན་ཕབ་སྐྲུན་དུ་འགྲོ་བཞིན་ཡོད་ཅིང་། མོ་རང་གིས་གཙོ་འགན་ཁུར་བའི་ལེ་ཚན་སྲོལ་རྒྱུན་ལག་རྩལ་དར་བའི་སྨན་ཤོད་པ་དང་ང་རང་མཐོ་སྒང་ནས་ཡོང་བ་ཡིན། གངས་ལྗོངས་བརྙན་རིས། འཆི་མེད་ཀྱི་གྲོགས་པོ་སོགས་ལེ་ཚན་མང་པོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་ལ། རྒྱ་ཆེའི་གཟིགས་མཁན་རྣམས་ཀྱིས་ཀྱང་མོའི་ལེ་ཚན་ལ་གདེང་འཇོག་ཚད་མཐོ་གནང་བཞིན་ཡོད་པ་རེད།

第32届中国新闻奖、第17届长江韬奋奖评选结果揭晓

启米翁姆获长江韬奋奖

    据中国记协消息,中华全国新闻工作者协会主办的第32届中国新闻奖、第17届长江韬奋奖评选结果于11月8日揭晓。来自全国各级各类媒体的376件作品获中国新闻奖,获奖作品中,特别奖3件,一等奖72件,二等奖116件,三等奖185件。同时评出的还有长江韬奋奖,长江、韬奋系列各10位获奖者。康巴卫视启米翁姆获得第17届长江韬奋奖长江系列。


    启米翁姆现为康巴卫视党委委员、纪委书记、副总编,主任播音员。启米翁姆始终坚持“以人民为中心”的创作导向,自觉践行“四力”,每年走基层、进高原。她带领团队主创的《指尖上的麦宿》《我从高原来》《对话高原》《藏地影像》《启米看小康》等节目,形式生动、主题鲜明,赢得广大受众及业界好评。从业20多年来,她主创的近百件作品获得各类奖项。2018年,主创作品《主播走基层·见证新景象》获中国新闻奖二等奖;2021年,主创作品《胡同里的藏文课》获中国新闻奖三等奖。