ཝང་དབྱི་ཀྲིས་ཆུས་དང་གྲོང་རྡལ་ཁག་ཏུ་ཚོགས་ཆེན༢༠པའི་དགོངས་དོན་སྒྲོག་འགྲེལ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ11པའི་ཚེས་8ཉིན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དང་བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་ས་གནས་གཉིས་སུ་ཞིང་ཨུ་བརྟག་ཞིབ་ཚོགས་ཆུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད། ཝང་དབྱི་ཀྲིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་བདེ་ཆེན་ལེའུ་ཡག་པོ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

       

        སྟག་མཆོང་གྲོག་རོང་ཁུལ་དུ་ཝང་དབྱི་ཀྲིས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་ཁོང་གིས་བདེ་ཆེན་གྱི་ལོ་ལྔའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་ཚོགས་འདུའི་དོན་སྙིང་གལ་ཆེན་དང་། ཐོབ་པའི་གྲུབ་འབྲས། གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་སོགས་བརྒྱུད་བསྒྲགས་བྱས་པ་རེད། ཝང་དབྱི་ཀྲིས་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ཏེ་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། དོན་དངོས་ལ་གཞི་ཚུགས་ཏེ་“སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་”"ལག་ལེན་གཏིང་ཟབ་བསྟར་ནས་འཛམ་གླིང་གི་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུར་དམིགས་ཏེ་ཁེ་ལས་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས། ཧུར་བརྩོན་ཡར་སྐྱེད་ཀྱིས་སྙན་སེང་འབྲེལ་མཐུད་བྱས་ཏེ་སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་སྤྱི་ཡོངས་ནས་མཐོར་འདེགས་གཏོང་བའི་རྣམ་གྲངས་ལག་བསྟར་མགྱོགས་སུ་གཏོང་བ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་རང་ངོས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ་རང་འགུལ་ངང་ཞབས་ཞུ་དང་མཐུན་སྦྱོར་བྱས་ནས་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་སྟག་མཆོང་གྲོག་རོང་གྲོང་རྡལ་བར་གྱི་ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ཝང་དབྱི་ཀྲིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་མཐའ་འཁྱོངས་བྱས་ཏེ་ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་གི་ཕུགས་ཕན་ལམ་སྲོལ་འཛུགས་ཏེ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ཏེ། སྤྱོད་ཚུལ་ལ་བརྟེན་ནས་དོན་འཁྱོལ་འགན་ལེན་བྱེད་པ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་ཏན་ཏིག་ངང་ཡག་པོ་བྱས་དགོས་ཞེས་བླང་བྱ་གནང་བ་རེད།

    

        སྟག་མཆོང་གྲོག་རོང་གྲོང་རྡལ་རི་ཕྱེད་མགྲོན་ཁང་འཁོར་སྐྱོད་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ཝང་དབྱི་ཀྲིས་ཁེ་ལས་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་མཐུན་སྦྱོར་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་མེ་ཟོན་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་གཉེར་སྐྱོང་དོ་དམ་ཆེད་ལས་ཅན་དང་། ཁྱད་ལྡན་ཐོན་རྫས་ཀྱི་ཧེ་བག་ཅན། ཞབས་ཞུའི་སྤུས་ཚད་རྩེར་སོན་ཅན་དུ་འགྱུར་བ་བྱས་ཏེ་ཡ་རབས་ངང་ཁྲིམས་ལྟར་གཉེར་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་སྐྱོན་བྲལ་ངང་གཉེར་སྐྱོང་དང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས་ཞེས་བླང་བྱ་གནང་བ།

        བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཝང་དབྱི་ཀྲིས་ད་དུང་སུང་ཡོན་གྲོང་ཚོའི་གྲོང་སྨད་ཚོགས་ཆུང་གི་འཐུང་ཆུའི་སྦུ་གུའི་དྲ་བ་འཛུགས་སྐྲུན་བྱས་ཚུལ་དང་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་ས་ཆ་འདེམས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཝང་དབྱི་ཀྲིས་དོན་དངོས་ལ་གཞི་ཚུགས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་འབྲེལ་ཡོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་རྒྱལ་ཁབ་ཀྱིས་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་སྡེ་ཚན་གྱི་རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ཁུལ་ཡོངས་ཀྱི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས་པའི་བླང་བྱ་གནང་བ་རེད།

        ཁྲེན་ཆུན་དང་། ཡུས་ཀུའེ་ཧྥུན། ལི་ཆིང་ཕེ་སོགས་འགོ་ཁྲིད་བརྟག་ཞིབ་ནང་ཞུགས་པ་རེད།