ཨ་ཕས་གཡར་བའི་དངུལ་དེ་བུ་ཕྲུག་གིས་ངེས་པར་དུ་འཇལ་དགོས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-09   རྩོམ་ཁུངས།    མི་དམངས་དྲ་བ།

གྱོད་གཞི།

   བགྲེས་པོ་ཝང་ལགས་འཚོ་བཞུགས་སྐབས་ཞའོ་མིང་ས་ནས་དངུལ་སྒོར་ཁྲི་20གཡར། ཞའོ་མིང་གིས་བུ་ལོན་ཐེངས་མང་དེད་ཀྱང་སྤྲོད་ཐུབ་མེད། བགྲེས་པོ་ཝང་ལགས་ཚེ་ལས་འདས་རྗེས། ཞའོ་མིང་གིས་བགྲེས་པོ་ཝང་གི་བུ་ཞའོ་ཝང་བཙལ་བ་མ་ཟད་དེ་ཉིད་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཞའོ་ཝང་ལ་ཁོང་གི་ཨ་ཕས་གཡར་བའི་དངུལ་སྒོར་ཁྲི་20འཇལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན། ཞའོ་ཝང་གིས་ཁྲིམས་ས་ནས་རང་ནས་ཨ་ཕའི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱ་རྒྱུ་བསྐྱུར་ཟིན་པས། ཨ་ཕའི་བུ་ལོན་འཇལ་འགན་འཁུར་མི་དགོས་བཤད། ཞའོ་ཝང་གིས་ཨ་ཕ་ཝང་ལགས་ཀྱི་བུ་ལོན་འཇལ་འགན་འཁུར་དགོས་སམ།

གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།

    ཁུར་མི་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་རེ་གཅིག་པའི་ནང་གཏན་འབེབས་བྱས་དོན། ཤུལ་འཛིན་པས་རང་ཉིད་ལ་ཐོབ་པའི་ཤུལ་ནོར་གྱི་རིན་ཐང་དང་དངོས་ཚད་ཐིག་ཏུ་བཟུང་ནས་ཤུལ་འཛིན་བྱ་ཡུལ་གྱི་མིའི་ཁྲིམས་ལྟར་འཇལ་སྤྲོད་བྱེད་དགོས་པའི་ཁྲལ་དངུལ་དང་བུན་འགན་གཙང་འཇལ་བྱེད་དགོས། ཤུལ་ནོར་གྱི་རིན་ཐང་དངོས་ལས་བརྒལ་བའི་ཆ་ནི་ཤུལ་འཛིན་པས་རང་མོས་ཀྱིས་འཇལ་འདོད་པ་ཡིན་ན་ཚད་ཐིག་དེའི་འཛིན་ཁོངས་མ་ཡིན། 

   ཤུལ་འཛིན་པས་ཤུལ་འཛིན་བྱེད་དབང་སྤངས་པ་ཡིན་ན། ཤུལ་འཛིན་བྱ་ཡུལ་གྱི་མིའི་ཁྲིམས་ལྟར་འཇལ་སྤྲོད་བྱེད་དགོས་པའི་ཁྲལ་དངུལ་བུན་འགན་གཙང་འཇལ་བྱེད་འགན་མ་ཁུར་བས་ཆོག