བདེ་ཆེན་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

 

        ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་དཔྱད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད།  ཡུན་ནན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོཊ་ཆུང་བཞི་པས་ཉེ་སྔོན་བདེ་ཆེན་དུ་བཅའ་སྡོད་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་པ་རེད།  ཟླ་11པའི་ཚེས་7ཉིན།  ལྟ་བཤེར་བཅའ་སྡོད་སྐུལ་སློང་ཚོཊ་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་། ལྟ་བཤེར་ཚོཊ་ཆུང་གི་ཙུའུ་ཀྲང་སུའུ་ཧོང་ཅུན་དང་།  ཙུའུ་ཀྲང་གཞོན་པ་ལི་ཀའོ་ཧྲུའུ་གཉིས་ཀྱིས་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྐོར་གསུང་བཤད་གནང་བ་དང་།  ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་བཅའ་སྡོད་སྐུལ་སློང་བྱེད་པ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝའེ་ཏུང་གིས་སྐུལ་སློང་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

        སུའུ་ཧོང་ཅུན་གྱིས་བསྟན་དོན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མ་མྱོང་བའི་ཤུགས་ཚད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དམ་འཛིན་བྱས་ནས་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་ཁ་ཕྱོགས་འགྱུར་བའི་རང་བཞིན།  ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་འཆར་འགོད་དང་སྐུ་ངོ་མས་བཀོད་སྒྲིག  སྐུ་ངོ་མས་སྐུལ་འདེད་གཏོང་བའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་དང་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་རིམ་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་སྣུར་སྲིང་དང་ཁ་གསབ་བྱས་ཏེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ།  སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་དཔྱད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།        དངོས་གནས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ཐོག་གཅིག་གྱུར་བྱེད་དགོས།  བློ་ཐག་རྦད་ཆོད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུཊ་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་ལས་འགན་འཁུར་དགོས་པ་དང་།  དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་བྱུང་བ་དང་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོན་པོའི་ངང་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་མཐོང་ཐུབ་པའི་གྲུབ་འབྲས་ཀྱིས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་ནུས་ཤུགས་ཡོད་རྒུས་མཛེས་སྡུག་གི་ཡུན་ནན་འཛུགས་སྐྲུན་བྱེད་པར་རོགས་འདེད་བྱེད་དགོས།  

        སུའུ་ཧུང་ཅུན་གྱིས་ནན་བཤད་བྱས་དོན།  ཞིང་ཆེན་རིམ་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ངེས་པར་དུ་གཟབ་ནན་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། 

        ཚན་རིག་དང་མཐུན་ཞིང་ཁྲིམས་ལྟར་གནད་འཁེལ་མཐའ་འཁྱོངས་བྱེད་དགོས་ལ།   ལྟ་བཤེར་གྱིས་གཙོ་གནད་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་དཔྱད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་བྱེད་པའི་ལས་ཀ་དོན་འཁྱོལ་གནས་ཚུལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དག་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་ཚུལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།  སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ།  འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་། ཁོར་ཡུག་འབག་བཙོག་ཚབས་ཆེན་དང་སྣོད་བཅུད་གཏོར་བརླག  སྣོད་བཅུད་ཁོར་ཡུག་གི་ཉེན་ཁ་དང་ཐག་གཅོད་བྱེད་ཚུལ།   ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལྡོག་འདྲེན་གནད་དོན་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཉེན་བརྡའི་གློག་བརྙན་གྱིས་མཚོན་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱེད་ཚུལ།  མི་དམངས་མང་ཚོགས་ཀྱིས་བཏོན་པའི་འབུར་ཐོན་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་ཀྱི་གནས་ཚུལ་སོགས་ལ་དོ་ཁུར་བྱ་རྒྱུ།

        ཝང་དབྱི་ཀྲི་ཡིས་ནུས་ཤུགས་ཡོད་རྒུས་ཐེངས་འདིའི་ལྟ་བཤེར་ལས་ཀ་ལ་གཞོགས་འདེགས་བྱེད་པའི་ཆེད་དུ།  ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཏན་འཁེལ་གཉིས་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་པ་དང་།  བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཐེངས་འདིའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་པའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་།  ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་བྱ་སྤྱོད་ངོ་མས་ལྟ་བཤེར་ལས་ཀ་བསུ་དགོས།   ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་ཁྲིམས་ཁག་བརྟན་སྲུང་བྱེད་དགོས་པ་དང་དངོས་ཐོག་བདེན་འཚོལ་བྱས་ནས་ལྟ་བཤེར་གྱིས་ལྡོག་འདྲེན་བྱེད་པའི་གནད་དོན་དག་ཐེར་གནས་སུ་འབྱོར་བར་ཁག་ཐེག་བྱེད་དགོས་པ་དང་།  སྔར་ལས་ལྷག་པར་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་དུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ལ། ཁུལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། 

        ཚོགས་འདུའི་ཐོག  ལི་ཀའོ་ཧྲུའུ་ཡིས་ལྟ་བཤེར་ལ་གཞོགས་འདེགས་ཡག་པོ་བྱེད་པ་དང་།  ལྟ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པ།  ཆ་འཕྲིན་ཡོངས་བསྒྲགས་བྱེད་པ།  ཚན་རིག་ལ་མཐུན་ཞིང་ཁྲིམས་ལྟར་ལྟ་བཤེར་བྱེད་པ་སོགས་ཀྱི་སྐོར་བླང་བྱ་བཏོན་པ་མ་ཟད།  ལྟ་བཤེར་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་གཟབ་ནན་གྱིས་《ཡུན་ནན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་ཀའི་སྒྲིག་ཁྲིམས་གཏན་འབེབས》ལག་བསྟར་བྱེད་པ་དང་།  ལྟ་བཤེར་བྱ་ཡུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་སྐོར་རྣམ་འགྱུར་བསྟན་པ་རེད།

        བཀོད་སྒྲིག་གཞིར་བཟུང་།  ཡུན་ནན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་དུས་ཡུན་ཉིན་15རིང་གི་ལྟ་བཤེར་བཅའ་སྡོད་བྱ་རྒྱུ་ཡིན་ལ།  བཅའ་སྡོད་བྱེད་རིང་2022ལོའི་ཟླ་11པའི་7ཉིན་ནས་ཟླ་11པའི་ཚེས་21ཉིན་བར།  ཆེད་དམིགས་ལས་རེས་ཁ་པར་བཙུགས་ཡོད་དེ་ ཨང་གྲངས་ནི་0887—3088138ཡིན།  ཆེད་དམིགས་སྦྲག་སྲིད་ཡིག་སྒམ་སྟེ་བདེ་ཆེན་ཁུལ་ཨང་A316ཆེད་སྤྱོད་ཡིག་སྒམ་བཙུགས་ཡོད། ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི་ཉིན་ལྟར་གྱི་8:00ནས་20:00བར་ཡིན།