ཡུན་ནན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཡུན་ནན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།


        ཟླ་11པའི་ཚེས་4ཉིན། ཏང་ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས།

        ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞའོ་ཕའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་།

        ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་ཚོགས་འདུ་གཙོ་སྐྱོང་བྱས། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་འགོ་འཛིན་ཝང་ཡུས་པའོ་ཚོགས་འདུར་ཞུགས།

    

        ཞའོ་ཕའེ་ཡིས་སྙན་ཞུ་གནང་སྐབས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ཞིབ་བརྗོད་གནང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོ། འདས་ཟིན་པའི་ལོ་ལྔའི་ལས་ཀ་དང་དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར།  མཱ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་སོགས་ཀྱི་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ།  རྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་གནང་བ་རེད།

        ཞའོ་ཕའེ་ཡིས་བསྟན་དོན། གཏན་འཁེལ་གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན་ལ།  དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་བྱུང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རྒྱུས་འཕེལ་རིམ་ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། ང་ཚོས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་བརྟེན་ནས་སེམས་ཤུགས་དང་བླ་སྲོག་སྐྲུན་དགོས་པ་དང་། ཏང་ཀྲུང་དབྱང་གིས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས།  ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞིགས་གདངས་ནན་པོར་བརྟེན་ནས་སྤྱོད་གཙང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། རང་གིས་རང་ཉིད་གསར་བརྗེ་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་སྣེ་ཁྲིད་སྔར་ལས་ལེགས་པ་བྱེད་དེ།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལ་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།

        ཝང་ཉིང་གིས་སྙན་ཞུ་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས་བཤད་དོན། བློ་མཐུན་ཞའོ་ཕའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་ནི་བརྗོད་བྱ་གསལ་བ་དང་ཚུགས་གནས་མཐོ་བ། ནང་དོན་ཕུན་སུམ་ཚོགས་པ་དང་གཙོ་གནད་འབུར་ཐོན་ཡིན་པས་ང་ཚོས་སྔར་ལས་ལྷག་པར་ཕྱོགས་ཡོངས་དང་ཡང་དག་པའི་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁུང་དུ་ཆུད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཡུན་ནན་དུ་དོན་འཁྱོལ་མཐར་ཕྱིན་བྱེད་པ་ལ་མཛུབ་སྟོན་གལ་ཆེན་ལྡན་པ་དང་སྐུལ་འདེད་ནུས་པ་འདོན་ཡོད།

        ཝང་ཉིང་གིས་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་ལ།  ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་བསྒྲགས་བཤད་དེ་གོ་སྐབས་སུ་འཛིན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁུང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་དུ་འཁྱོལ་བ་བཅས་ལ་ཤུགས་རྒྱག་དགོས།  གཏན་འཁེལ་གཉིས་ཞེས་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་སྔར་ལས་ལྷག་པར་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་གནང་བ་དང་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་ཡོད་ན་ཡུན་ནན་ལ་བྱ་སྤྱོད་ཡོད་དགོས་པར་བྱེད་དགོས།  སྔར་ལས་ལྷག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོག་བྱང་ཆུབ་པ་དང་དོན་དངོས་སྒྲུབ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་ལ་ཟུང་འབྲེལ་བྱེད་པ་དང་། མིག་སྔའི་ལས་ཀ་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱེད་དེ་མཐུན་སྒྲིལ་འབད་འཐབ་དང་དམ་འཛིན་དོན་གཉེར་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་ལེ་ཚན་ཡག་པོ་རྩོམ་དགོས་པ་དང་།  བྱ་སྤྱོད་ངོ་མས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་སྤྲོད་དགོས།

        ཞིང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།   ཞིང་ཆེན་གཞོན་པའི་རིམ་པ་ཡན་གྱི་འགོ་འཁྲི་བྱས་མྱོང་བའི་བློ་མཐུན་རྒན་གྲས། ཁུན་མིང་ན་ཡོད་པའི་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ། སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ཀྱི་འཐུས་མི། ཁུན་མིང་དུ་ཡོད་པའི་སློབ་ཆེན་གྱི་དགེ་སློབ་འཐུས་མི་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ།

    

        རང་ཁུལ་གྱི་ཝང་དབྱི་ཀྲི་དང་ཀྲང་ཝའེ་ཏུང་སོགས་འགོ་ཁྲིད་བདེ་ཆེན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།

        སྒྲོག་འགྲེལ་ཚོགས་འདུ་དེ་བརྙན་ལམ་གྱི་ཚུལ་ནས་འཚོགས་པ་དང་། ཁུལ་(གྲོང་ཁྱེར)རྫོང་(གྲོང་ཁྱེར་དང་ཆུས)ཁག་གིས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་མི་ཁྲི་2.8ལྷག་མཉམ་དུ་སྒྲོག་འགྲེལ་སྙན་ཞུ་ཉན་པ་རེད།