དབྱང་ཉིང་གིས་བདེ་ཆེན་དུ་ཚོཊ་ཆེན20པའི་དགོངས་དོན་སྒྲོག་འགྲེལ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


  ཉེ་ཆར།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཉིན་བདེ་ཆེན་དུ་ཕེབས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་།    ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ།  སློབ་སྦྱོང་བྱེད་བཞིན་དུ་ལས་ཀ་བྱེད་པ་དང་།   ལས་ཀ་བྱེད་བཞིན་དུ་སློབ་སྦྱོང་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་།   ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་ནས་ཞིང་ཆེན་ཨུ་ལྷན་དང་།  ཁུལ་ཨུ།  གྲོང་ཁྱེར་ཨུ་ལྷན་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ།  འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

        དབྱང་ཉིང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་ཁྲང་ཧྲེང་གྲོང་ཚོར་སྒྲོག་འགྲེལ་བྱེད་སྐབས། བདེ་ཆེན་ཁུལ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར།   སྟག་མཆོང་འགག་རོང་གྲོང་རྡལ་བཅས་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བ་སྤྱད་དེ་དུས་རབས་གསར་པའི་ལོ་བཅུའི་གྲུབ་འབྲས་རླབས་ཆེན་ལ་ངོས་འཛིན་ཅི་ལྟར་གནང་བ་དང་།   དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོར་སྣེ་ཁྲིད་ནས་ཅི་བྱེད་པ་དང་སླད་ཕྱིན་དུས་སྐབས་ཤིག་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཙོ་གནད་ལས་དོན་གང་དག་ཡོད་པ་གསལ་བཤད་བྱས་ཡོད།

    

    དབྱང་ཉིང་གིས་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་རེད། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་དང་ཐུན་མོང་ཐོག་འབད་འཐབ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་དེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྙེག་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས། གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།  གྲོང་གསེབ་ཀྱི་ཐོན་ལས་དང་།  ཤེས་ལྡན་པ། རིག་གནས།  སྣོད་བཅུད།    རྩ་འཛུགས་འཕེལ་རྒྱས་བཅས་ལ་དམ་འཛིན་ཡག་པོ་བྱེད་དགོས།   དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་།  མི་དམངས་ཀྱི་འཚོ་བའི་སྤུས་ཀ་ལེགས་སུ་གཏོང་བ།  མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ།   བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་ལག་བསྟར་བྱེད་པ།  སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།  བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བསྟན་ཡོད།  

      

  སྒྲོལ་འགྲེལ་ལ་ཉན་རྗེས། ཚང་མས་ད་ཐེངས་ཀྱི་སྒྲོག་འགྲེལ་ནང་དོན་གོ་བདེ་ཞིང་།   ངོས་ལེན་ཐུབ་པ།   དོན་འཁྱོལ་ཐུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་ཟུག་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཡིད་ཆེས་སྔར་བས་ཇེ་བརྟན་དུ་བཏང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕ་ཡུལ་གྱི་འཕེལ་རྒྱས་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་བྱུང་།