ཁ་ཚའི་རིགས་ཚད་དང་རན་པའི་སྒོ་ནས་བསྟེན་ན་རྒྱུ་མའི་འབྲས་སྐྲན་སྔོན་འགོག་བྱེད་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-03   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར། 

        མི་མང་པོ་ཞིག་ཁ་ཚའི་ཟས་རིགས་བཟའ་རྒྱུར་དགའ་བ་རེད། ཉེ་ཆར། ཀྲུང་གོའི་དལ་གཤིས་ནད་རིགས་ཞིབ་འཇུག་གི་ཆེས་གསར་པའི་ཞིབ་འཇུག་ལྟར་ན། ཁ་ཚའི་རིགས་ཚད་དང་རན་པའི་སྒོ་ནས་བསྟེན་ན་མིད་པའི་འབྲས་ནད་ལ་སོགས་པའི་ཕོ་རྒྱུའི་འབྲས་ནད་ཁ་ཤས་ཤིག་སྔོན་འགོག་བྱེད་པར་ཕན་པ་རེད།

        ཞིབ་འཇུག་ལས་མངོན་པ་ལྟར་ན། ཁ་ཚའི་རིགས་ཟོས་ན་མིད་པའི་འབྲས་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་དང་།ནང་སྒོས་སུ་དུ་བ་མི་འཐེན་པའམ་ཆང་མི་འཐུང་བ་དག་ལ་མཚོན་ན་དེ་ལྟར་རོ། ། ཁ་ཚའི་རིགས་གཏན་ནས་མི་བཟའ་བ་དང་བསྡུར་ན། ཟླ་རེར་ཁ་ཚའི་རིགས་ཉུང་ཙམ་བསྟེན་པའི་མི་ལ་མིད་པའི་འབྲས་ནད་འབྱུང་བའི་ཉེན་ཁ12%ཀྱིས་དམའ་བ་དང་། གཟའ་འཁོར་རེར་ཁ་ཚའི་རིགས་ཐེངས1ནས2ལ་བསྟེན་མཁན་གྱི་ཉེན་ཁ24%ཡིས་དམའ་བ་དང་། གཟའ་འཁོར་རེར་ཐེངས3ནས5ལ་བསྟེན་མཁན་གྱི་ཉེན་ཁ16%གིས་དམའ་བ་དང་། གཟའ་འཁོར་རེར་ཐེངས6ནས7བསྟེན་མཁན་གྱི་ཉེན་ཁ19%ཡིས་དམའ་བ་རེད། དེ་ལས་གཞན་ད་རུང་། ཁ་ཚའི་རིགས་ཉུང་ཙམ་བསྟེན་ན་གཞང་འབྲུམ་སྔོན་འགོག་བྱེད་པར་ཡང་ཕན་པ་ཆེན་པོ་ཡོད། དེ་བས་ཉིན་རེར་ཁ་ཚའི་རིགས་ཉུང་ཙམ་རེ་བསྟེན་ན་བཟང་མོད། འོན་ཀྱང་ཚད་ལས་བརྒལ་མི་རུང་ངོ་། །