རྒྱལ་ཐང་ངང་སྐམ་ལ་ཁའི་སྟོན་གྱི་མཛེས་ལྗོངས།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-11-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   དབྱར་ཟླ་དྲུག་པའི་དུས་ལ།   སེམས་ཀྱི་ཉི་ཟླའི་ཡུལ་གྲུ་ཞིག་ལ་སྟག་མའི་མེ་ཏོག་རྣམ་པར་བཞད་ནས་མེ་ཏོག་གི་འཇིག་རྟེན་ཞིག་གྲུབ་ཡོང་ཞིང་། མཚར་སྡུག་རྣམ་པར་བཀྲ་བའི་སྟག་མའི་མེ་ཏོག་གི་མཛེས་སྡུག་གིས་ཕྱོགས་བཞིའི་མགྲོན་པོ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་ནས་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ས་དེའི་མིང་ལ་ངང་སྐམ་ལ་ཁ་ཟེར་ཞིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྤྱི་ལེ་ཉི་ཤུའི་མཚམས་ན་ཡོད།   ད་ནི་སྟོན་གྱི་དུས་སུ་སླེབས་པས།   སྔོ་ལྗང་ནགས་ཀླུང་ཕྱུག་མོས་གསེར་མདོག་གི་ལྭ་བ་ཞིག་བཀླུབས་པ་དང་ཀུན་ནས་མཚུངས་ཤིང་།  ཡིད་དུ་འོང་བའི་སྟོན་ལྗོངས་ཀྱིས་ཁྱེད་ཀྱི་ཡིད་སེམས་ལ་སྔར་དང་མི་མཚུངས་པའི་སྤྲོ་སྣང་ཞིག་སྦྱིན་ཡོང་།