གླེགས་བམ་གྱི་སྟོན་ལྗོངས་འདྲེན་བྱེད་མིག་གི་དགའ་སྟོན།

རྩོམ་པ་པོ།   རྒྱ་མཚོ།  ཡིག་བསྒྱུར།       དུས་ཚོད།   2022-10-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     གནས་མཆོག་ཁ་བ་དཀར་པོ་ནི་བོད་ཀྱི་གངས་རི་གྲགས་ཆེ་བ་ཞིག་ཡིན་ལ།   བདེ་ཆེན་ཁུལ་འཇོལ་རྫོང་གི་མངའ་ཁོངས་སུ་ཆགས་ཡོད།  དེའང་གངས་རི་འདི་ལ་ཕྱི་བསྐོར་དང་ནང་བསྐོར་གཉིས་ཡོད་པ་ལས་ནང་བསྐོར་དུ་བསྐྱོད་པར་ཅིས་ཀྱང་གླེགས་བམ་གྲོང་ཚོ་བརྒྱུད་དགོས།   གྲོང་ཚོ་འདིའི་ཕྱོགས་བཞི་མཚམས་བརྒྱད་ལ་གདོད་མའི་ནགས་ཚལ་གྱིས་བརྒྱན་ཡོད་ཅིང་དཀྱིལ་ན་གླེགས་བམ་གྲོང་ཚོ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཆགས་ཡོད།   དུས་ཚིགས་རེ་རེ་ལ་རང་རང་གི་ཁྱད་ཆོས་ཡོད་པ་བཞིན།   ད་ནི་ནམ་ཟླ་སྟོན་མཇུག་ཏུ་སླེབས་པ་ལ།  སྐུ་ཉིད་ཀྱིས་པར་རིས་བརྒྱུད་ནས་ཡུལ་འདིའི་སྟོན་ལྗོངས་ཀྱི་མཛེས་སྡུག་ལ་རོལ་མྱོང་ཐེངས་ཤིག་བྱེད་པར་འཚལ།