སྟོན་དུས་ལུས་ཟུངས་མ་ཉམས་སྔོན་འགོག་ཐུབ་པའི་ཟས་རིགས་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  

        སྟོན་དུས་ཀྱི་གནམ་གཤིས་འགྱུར་སླ་བས་ལུས་ཟུངས་ཀྱང་ཉམས་སླ་པོ་ཡོད། གཤམ་གསལ་གྱི་ཟས་རིགས་བཟས་ན་ལུས་ཟུངས་མ་ཉམས་སྔོན་འགོག་བྱེད་ཐུབ།

        བ་དམ་ལ་ལུས་ཟུངས་མ་ཉམས་སྔོན་འགོག་ཐུབ་པའི་ནུས་རྒྱུ་འདུས་ཡོད་པས། རྒྱུན་དུ་བ་དམ་མང་ཉུང་འཚམ་པོ་བཟས་ཚེ་ཀླད་པའི་དབང་རྩ་མ་ཉམས་སྔོན་འགོག་བྱེད་ཐུབ།

        སྦྲང་རྩི་བཏུངས་ན་མཁལ་མའི་གཤེར་རྨེན(胰腺)ལ་ཕན་པ་མ་ཟད། ལུས་པོའི་ཕྲ་ཕུང་གི་གསོན་ཤུགས་ཆེས་ཆེར་འཕེལ་གྱི་ཡོད།

        ཏིལ་འབྲུར་འཚོ་བཅུད་མང་པོ་ལྡན་ཡོད་པས། རྟག་ཏུ་ཏིལ་འབྲུ་བཟས་ན་གཟུགས་པོར་གནོད་པའི་ནད་འབུ་གསོད་ཐུབ་ལ། ཚེའང་སྲིང་ཐུབ།

        ནན་ཀྭ་ཡིས་ཟུངས་གསོ་བ་དང་གློ་བར་ཕན་པ། ལུད་པ་མི་ལུ་དང་དབུགས་ཧད་པ་སོགས་ལ་ཕན་གྱི་འདུག འཚོ་བཅུད་རིག་པའི་ངོས་ནས་བཤད་ན་ཡང་། ནན་ཀྭ་ལ་གུང་ལ་ཕུག་གི་བཅུད་ཧ་ཅང་མང་པོ་ལྡན་ཡོད་པས་གློ་བ་གསོ་བའི་ཟས་མཆོག་ཏུ་རྩི་བཞིན་འདུག

        སྟོན་ལིར་ཁུ་བ་མང་ལ། མངར་མི་དྲགས་ཤིང་སྐྱུར་མི་དྲགས་པ། འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པས། གནའ་སྔ་མོ་ནས་བཟུང་ཤིང་འབྲས་ཀྱི་རྒྱལ་པོ་ཞེས་ཟེར་སྲོལ་ཡོད། དེས་མ་ཟད། སྟོན་ལིས་ལུད་པ་མི་ལུ་དང་གློ་བར་ཕན་པས། སྟོན་དུས་མཆོད་པ་ཡིན་ན་ཧ་ཅང་འཚམ་པོ་འདུག