མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ལ་གྲུབ་འབྲས་ལེགས་པོ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་པོར་དངོས་སུ་ཕེབས་ནས། ཡུལ་དངོས་སུ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་སྐབས“མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ནི་ལས་སླ་མོ་ཞིག་མིན་པས། ལྡབ་འགྱུར་གྱི་གཅེས་སྤྲས་དང་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས”ཞེས་ནན་གསུང་གནང་།

        2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཡང་བསྐྱར“རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོའི”སྐོར་གསུང་གླེང་མཛད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོར་ཐུགས་ཁུར་ཟབ་མོ་དང་ཐུགས་རེ་ཆེན་པོ་གནང་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་བཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། །