མ་འོངས་པའི་ལོ་ལྔའི་ནང་ང་ཚོས་འདི་ལྟར་བསྒྲུབ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-25   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་གསལ་འགྲེལ། མ་འོངས་པའི་ལོ་ལྔའི་ནང་ང་ཚོས་བྱ་བ་འདི་ལྟར་བསྒྲུབ་དགོས།
བཟོ་ལས་དཔེ་གསར་ཅན་ལ་སྐུལ་སྤེལ་གཏང་དགོས།
    དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་བཟོ་ལས་དཔལ་འབྱོར་ཐོག་བཞག་སྟེ་བཟོ་ལས་དཔེ་གསར་ཅན་ལ་སྐུལ་སྤེལ་བཏང་ནས། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་དང་སྤུས་སྟོབས་ཆེ་བའི་རྒྱལ་ཁབ། དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་བཅས་ཀྱི་འཛུགས་སྐྲུན་མགྱོགས་སུ་གཏང་དགོས།
图片
གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏང་དགོས།
    གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་དང་། ཞིང་ལས་དམིགས་སུ་བཀར་ནས་སྔོན་དུ་སྤེལ་རྒྱུ་མཐའ་འཁྱོངས། དབུལ་སྒྲོལ་འགག་གྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། འབྱུང་ཁམས། རྩ་འཛུགས་དར་སྤེལ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འབྲུ་རིགས་བདེ་འཇགས་ཡོང་བའི་རྨང་གཞི་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་ཞིང་ཐང་གྲུ་བཞི་སྲུང་སྐྱོབ་ཡག་པོ་བྱས་ནས་རང་གི་ལྕགས་ཕོར་རང་གི་ལག་ཏུ་དམ་པོར་འཛིན་དགོས།
图片
ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་དགོས།
    ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། ས་ཁོངས་ཀྱི་གལ་ཆེའི་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་ས་ཁོངས་ཀྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས། གལ་ཆེའི་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་ལེགས་སྒྱུར། གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་སྒྲིག་བྱེད་ཚུལ་དང་རྒྱལ་ཁབ་ས་ཆའི་བར་སྟོང་མ་ལག་འཛུགས་རྒྱུ་བཅས་ལག་བསྟར་ནན་ཏན་བྱ་དགོས།
图片
སྤུས་ཚད་ཡོད་པའི་ཐོག་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྐུལ་འདེད་གཏང་དགོས།
    སྤུས་ཚད་ཡོད་པའི་ཐོག་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྐུལ་འདེད་གཏང་དགོས་པ་དང་། སྒྲིག་སྲོལ་དང་དོ་དམ། ཚད་གཞི་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་ནས། ཚོང་དོན་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། སྣ་མང་བརྟན་ལྷིང་གི་རྒྱལ་སྤྱིའི་དཔལ་འབྱོར་རྣམ་པ་དང་དཔལ་འབྱོར་ཚོང་དོན་འབྲེལ་བར་སྲུང་སྐྱོང་བྱ་དགོས།
图片
སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས།
    ང་ཚོས་མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོ་གཉེར་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་དགོས། སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ལྡན་པའི་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་རྒྱུ་ཇེ་མགྱོགས་དང་བྱང་ཚད་སློབ་གསོར་བརྟེན་ནས་སློབ་གསོ་དྲང་གཞག་ཡོང་བར་འཕེལ་རྒྱས་གཏང་དགོས།
图片
རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཕན་ནུས་མཐོར་འདེགས་གཏང་དགོས།
    ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏང་དགོས་པ་དང་། གསར་གཏོད་ཀྱིས་རང་རྒྱལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཁྲོད་སྲོག་ཤིང་ལྟ་བུའི་ནུས་པ་ཐོན་པ་རྒྱུན་འཁྱོངས། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པར་མཐུན་རྐྱེན་གང་ལེགས་སྦྱར་དགོས།
图片
འགག་རྩའི་རང་བཞིན་གྱི་འགག་སྒྲོལ་ལས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
    གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམག་འཐབ་ལག་བསྟར་ཇེ་མགྱོགས་སུ་གཏང་དགོས། ཆུ་ཚད་མཐོ་བའི་རང་སྟོབས་རང་སྤེལ་ཚན་རྩལ་གང་མགྱོགས་མངོན་འགྱུར་ཡོང་བར་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཞིན་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཚན་རྩལ་འགག་སྒྲོལ་ཐུབ་པར་བྱས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། དེ་བཞིན་འགག་རྩའི་རང་བཞིན་གྱི་འགག་སྒྲོལ་ལས་ཀར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། འཐབ་ཇུས་ཀྱི་རང་བཞིན་དང་ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པའི་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་ནས་རང་སྟོབས་གསར་གཏོད་བྱེད་ནུས་ཆེ་རུ་གཏང་དགོས།
图片
འཛམ་གླིང་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ལྟེ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས།
    ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱ་དགོས། ངལ་རྩོལ་ལ་བརྩི་འཇོག་དང། ཤེས་ཡོན་ལ་བརྩི་འཇོག  ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས། ཤེས་ལྡན་མི་སྣའི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏང་དགོས་པ་དང་། རང་རྒྱལ་འདི་ཉིད་འཛམ་གླིང་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་ལྟེ་བ་རུ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་འགྲན་རྩོད་ཅུང་ལེགས་པོ་ཆགས་པར་བྱ་དགོས་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་པ་ཕུལ་བྱུང་རྣམས་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་གཅིག་སྡུད་ཡོང་བར་བྱ་དགོས།
图片
འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མི་དམངས་དམངས་གཙོ་རྒྱུན་འཁྱོངས་བྱ་དགོས།
    མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྱད་ཆོས་ཡིན། དེ་ནི་ཆེས་རྒྱ་ཁྱབ་ཆེ་བ་དང་། ཆེས་བདེན་པ་དང་ཆེས་ཕན་ནུས་ཆེ་བའི་དམངས་གཙོ་ཡིན། ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། མི་དམངས་ཚོ་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་ཤུགས་ཆེ་རུ་གཏང་དགོས་པ་དང་། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོ་འདེམས་བསྐོ་དང་། དམངས་གཙོ་གྲོས་མོལ། དམངས་གཙོ་གྲོས་གཅོད། དམངས་གཙོ་དོ་དམ། དམངས་གཙོ་ལྟ་སྐུལ་བྱ་རྒྱུ་བཅས་འགན་ལེན་བྱ་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།
图片
ཕྱོགས་ཡོངས་ནས་ཚད་ལྡན་དང་དོ་ནན། གཞུང་དྲང་བཅས་ཀྱི་ཡ་རབས་ཁྲིམས་ནོན་སྐུལ་འདེད་གཏང་དགོས།
    ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་སྤེལ་ཏན་ཏིག་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བཅོས་བྱས་ནས་སྲིད་གཞུང་གི་འགན་ནུས་ཇེ་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་ཀྱི་གྲུབ་ཚུལ་ལེགས་པོར་བསྒྱུར་དགོས་པ་དང་། སྲིད་འཛིན་གྱི་ལས་ཆོད་དང་ཡིད་རྟོན་འཕེར་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཚད་ལྡན་དང་དོ་ནན། གཞུང་དྲང་བཅས་ཀྱི་ཡ་རབས་ཁྲིམས་ནོན་སྐུལ་འདེད་གཏང་དགོས།
图片
གཞུང་དྲང་དང་། ཕན་ནུས་ཆེ་བ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་རྒྱུ་ཇེ་མགྱོགས་སུ་གཏང་དགོས།
    གཞུང་དྲང་ཁྲིམས་འཛིན་ནན་པོ་དང་། ཁྲིམས་འཛིན་ལམ་ལུགས་ཀྱི་ཕྱོགས་བསྡུས་མ་ལག་བསྒྱུར་བཅོས་གཏིང་ཟབ་གཏོང་བ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་དང་། ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། གཞུང་དྲང་དང་། ཕན་ནུས་ཆེ་བ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ནས། མི་དམངས་མང་ཚོགས་རྣམས་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲོད་དུ་འདྲ་མཉམ་དང་གཞུང་དྲང་མྱོང་ཚོར་ཐུབ་རྒྱུར་འབད་བརྩོན་བྱ་དགོས།
图片
དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏང་དགོས།
    རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གྲ་རྒྱས་གོང་འཕེལ་ཡོང་བ་དང་། མི་དམངས་ལྟེ་བར་བཟུང་ནས་གསར་གཏོད་བྱ་རྒྱུའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་འཕེལ་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་བཏོན་ཏེ། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་བཟོ་བ་དང་། གལ་ཆེའི་རིག་གནས་ཐོན་ལས་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ལག་བསྟར་བྱ་དགོས།
图片
ཀྲུང་ཧྭ་ཡི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏང་དགོས།
    ཀྲུང་ཧྭ་ཡི་ཤེས་དཔལ་བརྒྱུད་བསྒྲགས་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་ཡི་རིག་གནས་ལངས་ཕྱོགས་བརྟན་སྲུང་བྱེད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་བ་དང་། ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པ་བཅས་བྱས་ནས་ཡིད་རྟོན་རུང་བ་དང་། གཅེས་པར་འོས་པ། བརྩི་བཀུར་ཞུ་འོས་པ་བཅས་ཀྱི་ཀྲུང་གོའི་སྣང་བརྙན་ཡག་པོ་མངོན་པར་བྱས་ཏེ། ཀྲུང་ཧྭ་ཡི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏང་དགོས།
图片
དཀའ་སྤྱད་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ལྕག་དང་། གོ་སྐབས་འདྲ་མཉམ་ཐོབ་རྒྱུར་སྐུལ་འདེད་གཏང་དགོས།
    ང་ཚོས་བགོ་འགྲེམ་ལམ་ལུགས་འཐུས་ཚང་བཟོ་བ་དང། རྩོལ་བསྟུན་ཐོབ་སྤྲོད་དང་། སྣེ་མང་བགོ་འགྲེམ་བྱ་ཐབས་མཉམ་གནས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་མང་ཐོབ་མང་རྒྱུན་འཁྱོངས་བྱེད་པ་བཅས་དཀའ་སྤྱད་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ལྕག་གཏོང་བ་དང་། གོ་སྐབས་འདྲ་མཉམ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་ཡོང་འབབ་དམའ་བ་རྣམས་ཡོང་འབབ་མང་དུ་གཏོང་བ་དང་། ཡོང་འབབ་འབྲིང་བའི་མང་ཚོགས་མང་དུ་གཏོང་བ། ཡོང་འབབ་བགོ་འགྲེམ་ལམ་ལུགས་ཚད་ལྡན་དུ་གཏོང་བ། རྒྱུ་ནོར་གསོག་འཇོག་གི་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱ་དགོས།
图片
ལས་ཞུགས་སྔོན་ལ་ཐག་གཅོད་བྱ་རྒྱུའི་འཐབ་ཇུས་ལག་བསྟར་བྱ་དགོས།
    ལས་ཞུགས་སྔོན་ལ་ཐག་གཅོད་བྱ་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ལས་ཞུགས་སྔོན་ལ་ཐག་གཅོད་བྱ་རྒྱུའི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་བཟོ་བ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་ཐུབ་རྒྱུའི་མཐའ་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འདྲ་མཉམ་ལས་ཞུགས་ལ་ཤུགས་རྐྱེན་བཟོ་བའི་འོས་མཚམས་མིན་པའི་ཚད་བཀག་དང་། ལས་ཞུགས་ལ་མཐོང་ཆུང་མེད་པར་བཟོས་ནས་མི་ཚང་མར་དཀའ་སྤྱད་ངལ་རྩོལ་བྱས་ནས་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་ཐོབ་པར་བྱ་དགོས།
图片
སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་རྒྱ་ཆེ་རུ་གཏང་དགོས།
    སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་ཚང་བཟོ་བ་དང་། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཤང་གཅིག་གྱུར་འཆར་འགོད་བྱེད་པ་དང་། འདྲ་མཉམ་གཅིག་འགྱུར་ཡོང་བ། བདེ་འཇགས་ཚད་ལྡན་ཡོང་བ། རྒྱུན་སྲིང་ཅན་གྱི་བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་ཐུབ་པ་བཅས་བཟོས་ནས་སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་རྒྱ་ཆེ་རུ་གཏང་དགོས།
图片
ཚབས་ཆེའི་ནད་ཡམས་འགོག་ཟོན་དང་ནད་བཅོས་མ་ལག་འཕྲལ་མར་ཐག་གཅོད་བྱེད་ནུས་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།
    བདེ་ཐང་ཀྲུང་གོ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱ་རྒྱུ་དེ་འཕེལ་རྒྱས་སྔོན་ལ་འཇོག་རྒྱུའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས། བུ་བཙའི་རྒྱབ་སྐྱོར་གྱི་སྲིད་ཇུས་མ་ལག་འཛུགས་པ་དང་། མི་འབོར་རྒན་རྒོན་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུད་འཛིན་དང་གསར་གཏོད། འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ།  སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་བཟོས་ནས། ཚབས་ཆེའི་ནད་ཡམས་འགོག་ཟོན་དང་ནད་བཅོས་མ་ལག་འཕྲལ་མར་ཐག་གཅོད་བྱེད་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཚབས་ཆེའི་འགོས་ནད་རང་བཞིན་གྱི་ནད་གཞི་མི་ཁྱབ་པར་བྱ་དགོས།
图片
མུ་མཐུད་དུ་གནམ་སྔོན། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་བརྒྱག་དགོས།
    ཁོར་ཡུག་འབག་གཙོག་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གནམ་སྔོན། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་བརྒྱབ་ནས། གཞི་རྩའི་ཆ་ནས་འབག་གཙོག་ཆེ་བའི་གནམ་གཤིས་མི་བསྟན་པ་དང་། གཞི་རྩའི་ཆ་ནས་གྲོང་ཁྱེར་དུ་ནག་ནོག་དྲི་ངན་ཅན་གྱི་ཆུ་མེད་པར་བཟོ་བ། ས་རྒྱུ་འབག་གཙོག་གི་འབྱུང་རྩ་འགོག་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཆུ་ཚད་གོང་མཐོར་བཏང་ནས་གྲོང་ཤང་གི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏང་དགོས།
图片
གལ་ཆེའི་འབྱུང་ཁམས་མ་ལག་སྲུང་སྐྱོང་དང་། སླར་གསོ་བྱེད་པའི་གལ་ཆེའི་ལས་གཞི་ལག་བསྟར་བྱ་རྒྱུ་ཇེ་མགྱོགས་སུ་གཏང་དགོས།
    འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་གོང་མཐོར་བཏང་ནས། གལ་ཆེའི་འབྱུང་ཁམས་མ་ལག་སྲུང་སྐྱོང་དང་། སླར་གསོ་བྱེད་པའི་གལ་ཆེའི་ལག་གཞི་ལག་བསྟར་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་ལས་གཞི་ལག་བསྟར་བྱེད་པ། རྩྭ་ཐང་དང་ནགས་ཚལ། གཙང་པོ། མཚེའུ། འདམ་ར་བཅས་སོར་ཆུད་སྐྱེ་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་བ། འབྲི་ཆུ་ལོ་བཅུ་ལ་ཉ་རྒྱ་སྡོམ་པ་ལག་བསྟར་བྱེད་པ། ས་ཞིང་རེས་མོས་འདེབས་འཛུགས་ལམ་ལུགས་འཐུས་ཚང་བཟོ་བ། ཕྱིར་ཡོང་སྐྱེ་དངོས་ཀྱིས་གནོད་འཚེ་བཟོ་བར་འགོག་བཅོས་བཅས་བྱ་དགོས།
图片
གསར་དར་ནུས་ཁུངས་མ་ལག་འཆར་འགོད་དང་འཛུགས་སྐྱོང་བྱ་རྒྱུ་ཇེ་མགྱོགས་སུ་གཏང་དགོས།
    ཐན་ཉུང་གཏོང་དང་། ཐན་དོ་སྙོམས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་གནས་བབ་ལ་གཞི་བཙུགས་ནས་སྔ་སྐྱུར་ཕྱི་གཏོད་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་ཡོད་པ་དང་། གོམ་སྟབས་ཡོད་པའི་ཐོག་ནས་ཐན་ཉུང་གཏོང་གི་བྱ་སྤྱོད་ལག་བསྟར་བྱས་ནས། ནུས་ཁུངས་གསར་བརྗེ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྡོ་སོལ་གཙང་སེལ་ཕན་ལྡན་གྱི་ནུས་པ་ཆེ་རུ་གཏོང་བ། གསར་དར་ནུས་ཁུངས་ཀྱི་མ་ལག་འཆར་འགོད་དང་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས། གོ་ལ་ཧྲིལ་པོའི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་བཅོས་སྒྲིག་བྱེད་པའི་ནང་ཧུར་ཐག་ཞུགས་དགོས།
图片
རྒྱལ་ཁབ་བདེ་འཇགས་ཡོང་བའི་དམངས་རགས་བརྟན་པོ་འཛུགས་དགོས།
    རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་ཡོང་རྒྱུ་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། གལ་ཆེའི་ཐོན་ལས་ཀྱི་མཁོ་འདོན་འབྱུང་ཁུངས་བདེ་འཇགས་ཡོང་རྒྱུ་བཅས་འགན་ལེན་བྱས་ཏེ། རང་རྒྱལ་གྱི་སྤྱི་དམངས་དང་། ཕྱི་རྒྱལ་དུ་ཡོད་པའི་ཁྲིམས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་བདེ་འཇགས་ཡོང་བའི་དམངས་རགས་བརྟན་པོ་འཛུགས་དགོས།
图片
སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏང་དགོས།
    སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་གོང་མཐོར་བཏང་སྟེ། བདེ་འཇགས་ཨང་དང་པོ་བཞག་ནས་རྒྱུན་འཁྱོངས་དང་སྔོན་འགོག་བྱ་རྒྱུ་གཙོ་བོར་བཟུང་སྟེ། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏང་དགོས། གནོད་འགོག་དང་། གེགས་སེལ། གནོད་སྐྱོབ། འཕྲལ་ཐོན་དཀའ་ངལ། ཉེན་ཆེ་གལ་ཆེ། ཐོལ་བྱུང་བཅས་ཀྱི་སྤྱི་པའི་དོན་རྐྱེན་ཐག་གཅོད་བྱེད་པའི་འགན་སྲུང་ནུས་པ་གོང་མཐོར་བཏང་ནས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱག་དགོས།
图片
མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་དགོས།
    སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཉམ་སྐྲུན་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་བཟོ་རྒྱུ། སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་གོང་མཐོར་གཏོང་བ་དང་། མང་ཚོགས་ཀྱིས་བཏོན་པའི་རེ་བ་སྐོང་བ། ཁེ་ཕན་མཐུན་སྦྱོར་བྱེད་པ། ཁེ་དབང་འགན་སྲུང་གང་ལེགས་བཅས་བྱས་ནས། མི་ཚང་མར་རེ་བ་ཡོད་པ་དང་། མི་ཚང་མའི་རེ་བ་སྒྲུབ་པ། མི་ཚང་མས་ལོངས་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་གི་གཅིག་མཐུན་ཚོགས་པ་བསྐྲུན་དགོས།
图片
སྟོབས་ཆེན་དང་འཐབ་ཇུས་ཀྱི་ཟིལ་ཤུགས་ལྡན་པའི་མ་ལག་བསྐྲུན་དགོས།
    ང་ཚོས་དམག་སྦྱོང་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མི་དམངས་དམག་དཔུང་གི་རྒྱལ་ཁ་ལེན་པའི་ནུས་ཤུགས་གོང་མཐོར་གཏོང་བ་དང་། དམག་དོན་འཐབ་ཇུས་མཛུབ་སྟོན་གསར་གཏོད་བྱེད་པ། མི་དམངས་ཀྱི་དམག་རྒྱག་དང་། འཐབ་ཇུས། དམག་རྩལ་བཅས་གོང་འཕེལ་བཏང་ནས། དམག་འཐབ་ཀྱི་ཟིལ་ཤུགས་ལྡན་པའི་མ་ལག་སྟོབས་ཆེན་ཞིག་བསྐྲུན་དགོས་ལ། ས་ཁོངས་དང་སྤུས་ཚད་ཀྱི་ཐད་ནས་དམག་འཐབ་ཀྱི་སྟོབས་ཤུགས་གོང་མཐོར་བཏང་ནས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་བྱ་དགོས།
图片
རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་གྱི་ལས་གྲྭ་གལ་ཆེན་ལག་བསྟར་བྱ་དགོས།
    དམག་དོན་བཅོས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་ངང་རྒྱ་སྐྱེད་པ། དམག་དོན་སྟོབས་ཤུགས་ཀྱི་སྒྲིག་གཞི་འཐུས་ཚང་བཟོ་བ། མ་ལག་ལེགས་འགྱུར་གྱི་དམག་དོན་སྲིད་ཇུས་ལམ་ལུགས་བཟོ་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་གྱི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་པ། དམག་དོན་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མ་ལག་གསར་པ་སྐྲུན་པ། ཁྲིམས་ལྟར་དམག་བཅོས་ལམ་སྲོལ་འཛུགས་པ་དང་དམག་འཐབ་འཆར་གཞི་བཟོ་བར་ཤུགས་རྒྱག་པ་བཅས་བྱ་དགོས།
图片
ཤང་ཀང་དང་ཨོའོ་མོན་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་དེ་བས་ལེགས་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱ་དགོས།
    ཤང་ཀང་དང་ཨོའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་གཙོ་ལེགས་བཅོས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་འགལ་བ་དང་གནད་དོན་གཏིང་ཟབ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཤང་ཀང་དང་ཨོའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏང་དགོས་པ་དང་། ཤང་ཀང་དང་ཨོའོ་མོན་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་དེ་བས་ལེགས་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ནུས་ཤུགས་དེ་བས་མང་པོ་འདོན་དགོས།
图片
བློ་བརྟན་འགྱུར་མེད་སྒོས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་མོ་སྐུལ་འདེད་གཏང་དགོས།
    དུས་རབས་གསར་པར་ཏང་གི་ཐའེ་ཝན་གནས་ཚུལ་ཐག་གཅོད་བྱེད་པའི་སྤྱིའི་བྱ་ཐབས་དོན་འཁྱོལ་མཐའ་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་མོར་སྐུལ་འདེད་གཏང་དགོས། ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པ་དེ་ནི་ཀྲུང་གོ་བ་རང་ཉིད་ཀྱི་གནས་ཚུལ་ཡིན་པས་ཀྲུང་གོ་བ་རང་ཉིད་ནས་ཐག་གཅོད་བྱ་དགོས།
图片
རྒྱལ་ཁབ་ཁག་དང་མཉམ་དུ་ཁེ་ཕན་མཉམ་གནས་ཡོང་རྒྱུར་ཤུགས་སྣོན་བརྒྱག་དགོས།
    ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་གོང་འཕེལ་དང་། མཛའ་གྲོགས། མཉམ་ལས་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་ལམ་གསར་པ་འཛུགས་པར་སྐུལ་འདེད་དང་། འདྲ་མཉམ་དང་། སྒོ་དབྱེ། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་རྒྱ་སྐྱེད་ཤུགས་ཆེ་བཏང་ནས། རྒྱལ་ཁབ་ཁག་དང་མཉམ་དུ་ཁེ་ཕན་མཉམ་གནས་ཡོང་རྒྱུར་ཤུགས་སྣོན་བརྒྱག་དགོས།
图片
གོ་ལ་ཧྲིལ་པོའི་བཅོས་སྐྱོང་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་དེ་བས་ལེགས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།
    ཀྲུང་གོ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ནས། དོན་དམ་པས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་དེ་བས་ལེགས་སུ་གཏོང་བར་སྐུལ་འདེད་གཏང་དགོས།
图片
དམ་ནན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྤྱོད་བཟང་སྒྲིག་སྡོམ་ལ་ཤུགས་སྣོན་བརྒྱག་དགོས།
    དམ་ནན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྤྱོད་བཟང་སྒྲིག་སྡོམ་ལ་ཤུགས་སྣོན་བརྒྱག་དགོས་པ་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ། མུ་མཐུད་སྤྱོད་ཚུལ་ངན་པ་བཞིར་ལྟ་ཞིབ་ཆད་གཅོད་གཏིང་ཟབ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དམིགས་ནས་ལྟ་ཞིབ་དང་ཆད་གཅོད་བྱེད་པ། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱ་དགོས།
图片
རུལ་སུངས་ལ་རྒོལ་བའི་དམག་འཐབ་དང་། འགག་སྒྲོལ་དམག་འཐབ། ཡུན་རིང་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁབ་ཐོབ་པར་བྱ་དགོས།
    རུལ་སུངས་ལ་རྒོལ་བའི་དམག་འཐབ་དང་། འགག་སྒྲོལ་དམག་འཐབ། ཡུན་རིང་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པར་བྱ་དགོས་ཤིང་། རུལ་སུངས་ནི་ཏང་གི་གསོན་ཤུགས་དང་འཐབ་ཤུགས་ལ་གནོད་འཚེ་བཟོ་བའི་དུག་སྐྲན་ཚབས་ཆེ་ཤོས་དེ་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ཆེས་མཐར་ཕྱིན་པའི་རང་ངོས་ཀྱི་གསར་བརྗེ་ཡིན། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་ཡོད་ཕྱིན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐད་ཅིག་ཙམ་ཡང་མཚམས་མི་འཇོག་པར། ངེས་པར་དུ་ནམ་ཡང་དྲན་སྐུལ་གྱི་དུང་བརྡ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱས་ནས། གཅིག་ཀྱང་ཐར་པར་མི་གཏོང་བའི་རྣམ་འགྱུར་གྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་བྱེད་མཚམས་རྩ་བ་ནས་འཇོག་མི་རུང་བ་བཅས་སོ།།
图片