ཆུ་དཀར་ཆུ་ནག་གྱིས་རྒྱལ་ཁབ་3Aརིམ་པའི་ལྗོངས་ཁུལ་གཏོད་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་3Aརིམ་པའི་ལྗོངས་ཁུལ་གཏོད་པའི་ཞིབ་བཤེར་རྩིས་ལེན་གྱི་ཆེད་མཁས་ཅན་ཚོ་ཆུང་ཁྲིད་དེ་ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱིས་རྒྱལ་ཁབ་3Aརིམ་པའི་ལྗོངས་ཁུལ་གཏོད་པར་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

        ཞིབ་བཤེར་རྩིས་ལེན་བྱེད་རིང་།ཆེད་མཁས་ཚོ་ཆུང་གིས་ཆུ་དཀར་ཆུ་ནག་ལྗོངས་ཁུལ་ནང་གི་ཡུལ་ལྗོངས་ཀྱི་སྤུད་ཚད་དང་ཁོར་ཡུག་གི་སྤུད་ཚད།  དེ་བཞིན་ཡུལ་སྐོར་བའི་ཡིད་ཚིམ་ཚད་སོགས་ལ་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད།  གནས་ཡོད་པའི་གནད་དོན་དང་དག་བཅོས་བྱེད་དགོས་པའི་གནད་དོན་ལ་དམིགས་སའི་རང་བཞིན་གྱི་བསམ་འཆར་བཏོན་པ་རེད།  དེ་མིན་ད་དུང་ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱིས་རྒྱལ་ཁབ་3Aརིམ་པའི་ལྗོངས་ཁུལ་གཏོད་པའི་འབྲེལ་ཡོད་དཔྱད་གཞི་འཚོལ་བཤེར་བྱས་པ་རེད།

        ཤེས་གསལ་བྱུང་དོན།ཆེད་མཁས་ཚོ་ཆུང་གིས་ཡུལ་དངོས་ནས་ཞིབ་བཤེར་དང་དཔྱད་གཞི་འཚོལ་བཤེར་སོགས་ཀྱི་མཇུག་འབྲས་ལས་རྟོགས་པ་ལྟར་ན། ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུད་ཚད་དང་ཁོར་ཡུག་གི་སྤུད་ཚད།  ཡུལ་ལྗོངས་ཀྱི་སྤུད་ཚད་སོགས་ཡོད་ཚད་རྒྱལ་ཁབ་3Aརིམ་པའི་ལྗོངས་ཁུལ་གྱི་ཚད་གཞི་དང་མཐུན་འདུག་པས།ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱིས་རྒྱལ་ཁབ་3Aརིམ་པའི་ལྗོངས་ཁུལ་གཏོད་པའི་ཐོག་མའི་ཞིབ་བཤེར་ལེགས་གྲུབ་བྱུང་ཡོད་པ་རེད།

        ཆུ་དཀར་ཆུ་ནག་ལྗོངས་ཁུལ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པཱ་ཤང་པའེ་ཏི་གྲོང་དུ་གནས་ཡོད་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྤྱི་ལེ་101གི་བར་ཐག་ཡོད།   ས་གནས་དེ་ནི་འཇང་རིགས་ཀྱི་སྟོན་པའི་རིག་གནས་ཀྱི་འབྱུང་གནས་ཡིན།