རྒྱལ་ཁབ་ཀྱི་གཞུང་ལས་པ་ཁྲི་3.71བསྡུ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-25   རྩོམ་ཁུངས།    མི་དམངས་དྲ་བ།

        ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞི་ཡི་2023ལོའི་གཞུང་ལས་པ་རྒྱུགས་བསྡུའི་མིང་ཐོ་འགོད་འགོ་ཚུགས་ཡོད་པ་དང། ཁྱོན་མི་ཁྲི་3.71བསྡུ་རྩིས་ཡོད་པ་རེད། རྒྱུགས་སྤྲོད་སློབ་མས་ཟླ་10ཚེས་25ཉིན་གྱི་ཆུ་ཚོད་8:00ནས་ཟླ་11ཚེས་3ཉིན་གྱི་ཆུ་ཚོད་18:00བར“ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞི་ཡི་2023ལོ་འཁོར་གྱི་གཞུང་ལས་པ་རྒྱུགས་སྤྲོད་བསྡུ་སྤྱོད་ཀྱི་ཆེད་དོན་དྲ་ཚིགས”(http://bm.scs.gov.cn/kl2023)ཐོག་ནས་མིང་ཐོ་འགོད་ཆོག སྤྱི་པའི་རིག་ཚན་གྱི་ཡིག་རྒྱུགས་དེ་ཟླ་12ཚེས་4ཉིན་རྒྱལ་ཡོངས་ཀྱི་ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར། གྲོང་ཁྱེར་ཆེ་གྲས་བཅས་སུ་དུས་གཅིག་ཏུ་སྤེལ་རྒྱུ་རེད།