ཚོཊ་ཆེན་ཉི་ཤུ་པའི་སྙན་སེང་གི་ནང་དོན་ལ་གོ་བ་ཡང་དག་ལེན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-24   རྩོམ་ཁུངས།    ཁམས་པའི་དྲ་བ།

图片
ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན།
ད་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏང་རྒྱུ་དེ་རེད།
图片
སྲུང་དགོས་པ་ནི་མི་དམངས་ཀྱི་སེམས་པ་རེད།
     རྒྱལ་སྲིད་ནི་མི་དམངས་ཡིན་ཏེ། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་ཁྲིད་མཛད་དེ་རྒྱལ་སྲིད་བཙུགས་ཤིང་རྒྱལ་སྲིད་སྐྱོང་བ་དང་། བསྲུང་རྒྱུ་ནི་མི་དམངས་ཀྱི་སེམས་པ་རེད།
图片
ཐོག་མའི་སེམས་འདུན་མི་བརྗེད་པ།
ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་ཐོག་མའི་སེམས་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས། ངེས་པར་དུ་འཐབ་རྩོད་བྱེད་ཕོད་ཅིང་འཐབ་རྩོད་བྱེད་མཁས་པར་བྱེད་དགོས། ལོ་རྒྱུས་ཀྱི་རང་རྟོན་བརྟན་པོ་དང་ལོ་རྒྱུས་ཀྱི་རང་དབང་ཤུགས་སྣོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་བརྩམ་དགོས།
图片
མི་དམངས་ལྟེ་བར་འཛིན་དགོས།
ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་ནན་མོ་བྱེད་དགོས་ཏེ། ཕྲུ་གུ་གསོ་སྐྱོང་ཡོད་པ། སློབ་སྦྱོང་ལ་སློབ་ཁྲིད་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་ཚ་ལ་སྨན་བཅོས་ཡོད་པ། རྒན་རྒོན་ལ་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། གཉོམ་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་དུ་རྒྱུན་མཐུད་ངང་ཤུགས་འདོན་བྱས་ནས། འཛམ་གླིང་ཐོག་ཆེས་གཞི་རྒྱ་ཆེ་བའི་སློབ་གསོའི་མ་ལག་དང་སྤྱི་ཚོགས་འགན་སྲུང་གི་མ་ལག སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་འཛུགས་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སེམས་སྔར་བས་འཐུས་སྒོ་ཚང་ཞིང་སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་བྱ་ཆོག་པའི་ཐུན་མོང་ཕྱུག་འགྱུར་ལ་གྲུབ་འབྲས་གསར་པ་ལེན་དགོས།
图片
སྲ་བརྟན་གྱི་འགོ་ཁྲིད་སྲོག་ཤིང་།
ལོ་བརྒྱའི་འབད་འཐབ་གོ་རིམ་བརྒྱུད་མྱངས་པའི་ཀྲུང་གོ་གུང་ཁྲན་ཏང་གསར་བརྗེ་རང་བཞིན་གྱི་རྡུང་བཟོའི་ཁྲོད་སྔར་བས་བློ་བརྟན་སྟོབས་ཆེར་གྱུར་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་སྲ་བརྟན་གྱི་འགོ་ཁྲིད་སྲོག་ཤིང་དུ་གྱུར་ཡོད།
图片
དམངས་སེམས་ལ་དྲོད་ཁོལ་སྩོལ།
ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བྱེད་དགོས་ཏེ། མི་དམངས་ཀྱིས་དོ་སྣང་བྱེད་ཆེ་ཤོས་དང་ཐད་ཀར་འབྲེལ་བ་ལྡན་ཞིང་འཕྲལ་མཁོ་ཆེ་བའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱེད་དགོས་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་སྒྲུབ་པར་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཁྲོད་ཟབ་ཞུགས་དང་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ། དམངས་འཚོར་ཕན་ཞིང་དམངས་སེམས་ལ་དྲོད་སྩོལ་བའི་བྱ་ཐབས་སྔར་ལས་མང་པོ་ཞིག་སྤྱོད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་བ་བྱས་ཏེ། ངེས་པ་དོན་གྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས།
图片
ཆོད་སེམས་བརྟན་པོ།
ཐའེ་ཝན་རང་བཙན་གྱི་སྟོབས་ཤུགས་ཀྱི་ཁ་བྲལ་བྱེད་སྒོ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཐའེ་ཝན་ལ་ཐེ་གཏོགས་བྱེད་པའི་འཁྲུག་རྐྱེན་ཚབས་ཆེན་སློང་བར་གདོང་གཏུག་ནས། ང་ཚོས་བློ་ཐག་རྦད་བཅད་ཀྱིས་ཁ་བྲལ་ལ་ངོ་རྒོལ་དང་། ཐེ་གཏོགས་ལ་ངོ་རྒོལ་གྱི་འཐབ་རྩོད་གལ་ཆེན་སྤེལ་ཏེ། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་དང་། ཐའེ་ཝན་རང་བཙན་ལ་རྒོལ་བའི་ཆོད་སེམས་བརྟན་པོ་དང་ནུས་ཤུགས་སྟོབས་ལྡན་མངོན་ཡོད།
图片
རྩ་བའི་ཁེ་ཕན།
རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་གདོང་གཏུག་ནས། ང་ཚོས་འཐབ་ཇུས་ཀྱི་བརྟན་ཤུགས་ནན་འཛིན་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། འཐབ་རྩོད་ཁྲོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་ཤིང་། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་དབང་དམ་འཛིན་བྱས་ཡོད།
图片
བློས་ཐུབ་མཁན། ལྷག་བསམ་ཅན། སྣེ་ཁྲིད་མཁན།
ཏང་ཡོངས་ཀྱིས་ན་གཞོན་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་དུ་འཛིན་དགོས་ཏེ། ཏང་གི་ཚན་རིག་གཞུང་ལུགས་ཀྱིས་ན་གཞོན་ལ་དྲག་ཆས་སྤྲས་དགོས་ཤིང་། ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིས་ན་གཞོན་ལ་འབོད་སྐུལ་བྱས་ཏེ། ན་གཞོན་གྲོགས་པོའི་བློས་ཐུབ་མཁན་དང་། ན་གཞོན་ལས་དོན་གྱི་ལྷག་བསམ་ཅན། ན་གཞོན་མང་ཚོགས་ཀྱི་སྣེ་ཁྲིད་མཁན་བཅས་བྱེད་དགོས།
图片
ཡིད་ཆེས་བརྟན་པོ། ཐུགས་ཡིད་གཅིག་འདྲེས།
ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྟོང་གཏམ་གྱིས་རྒྱལ་ཕུང་དམངས་གནོད་དང་ལག་ལེན་དངོས་ཀྱིས་རྒྱལ་དར་དམངས་ཕྱུག་ཐུབ་པ་ཡིད་ལ་དམ་པོར་འཆང་དགོས་པ་དང་། ཡིད་ཆེས་བརྟན་ཞིང་ཐུགས་ཡིད་གཅིག་འདྲེས་དང་། དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བྱ་ཆེད་མཐུན་སྒྲིལ་ཧུར་བརྩོན་བྱེད་དགོས།