སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྡེ་ཁག་གི་ཁོངས་མིའི་ངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-24   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།

图片
 བློ་མཐུན་ཞི་ཅིན་ཕིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཞི་ཅིན་ཕིང་ངོ་སྤྲོད་མདོར་བསྡུས།
    ཞི་ཅིན་ཕིང་། ཕོ། རྒྱ་རིགས།  ༡༩༥༣ལོའི་ཟླ་བ་དྲུག་པར་སྐུ་འཁྲུངས། ཧྲའན་ཞི་ཧྥུ་ཕིང་བ་རེད། ༡༩༦༩ ལོའི་ཟླ་བ་དང་པོར་ལས་ཀར་ཞུགས། ༡༩༧༤ལོའི་ཟླ་བ་དང་པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་ཆེན་མི་ཆོས་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་རིག་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོ་ཆེད་སྦྱོང་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། ཁྲིམས་རིག་པའི་འབུམ་རམས་པའི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ལི་ཆའང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལི་ཆའང་ངོ་སྤྲོད་མདོར་བསྡུས།
    ལི་ཆའང་། ཕོ། རྒྱ་རིགས། ༡༩༥༩ལོའི་ཟླ་བདུན་པར་སྐྱེས། ཀྲེ་ཅང་རུའེ་ཨན་བ་རེད། ༡༩༧༦་ལོའི་ཟླ་བདུན་པར་ལས་ཀར་ཞུགས། ༡༩༨༣་ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་བླངས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་ཡོད།
图片
 བློ་མཐུན་ཀྲའོ་ལི་ཅི་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
 བློ་མཐུན་ཀྲའོ་ལི་ཅི་ངོ་སྤྲོད་མདོར་བསྡུས།
   ཀྲའོ་ལི་ཅི། ཕོ། རྒྱ་རིགས། ༡༩༥༧ལོའི་ཟླ་གསུམ་པར་སྐྱེས། ཧྲའན་ཞི་ཞི་ཨན་བ་རེད། ༡༩༧༤་ལོའི་ཟླ་དགུ་པར་ལས་ཀར་ཞུགས། ༡༩༧༥ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡིན། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་འགན་བཞེས་ཡོད།
图片
 བློ་མཐུན་ཝང་ཧུའུ་ཉིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཝང་ཧུའུ་ཉིང་ངོ་སྤྲོད་མདོར་བསྡུས།
    ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། ༡༩༥༥ལོའི་ཟླ་བ་བཅུ་པར་སྐྱེས། ཧྲན་ཏུང་ལའེ་ཀྲོའུ་བ་རེད། ༡༩༧༧ལོའི་ཟླ་བ་གཉིས་པར་ལས་ཐོག་ཞུགས། ༡༩༨༤ལོའི་ཟླ་བ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུ་ཏན་སློབ་ཆེན་རྒྱལ་སྤྱི་ཆབ་སྲིད་ཚན་པའི་རྒྱལ་སྤྱིའི་ཆབ་སྲིད་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། ཁྲིམས་རིག་པའི་རབ་འབྱམས་པའི་བསླབ་གནས་ཡོད། དགེ་རྒན་ཆེན་མོ་ཡིན།  
   ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། 
图片
 བློ་མཐུན་ཚའེ་ཆི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཚའེ་ཆི་ངོ་སྤྲོད་མདོར་བསྡུས།
    ཚའེ་ཆི། ཕོ། རྒྱ་རིགས། ༡༩༥༥ལོའི་ཟླ་བ་བཅུ་གཉིས་པར་སྐྱེས། ཧྥུའུ་ཅེན་ཡིའུ་ཞི་བ་རེད། ༡༩༧༣ལོའི་ཟླ་བ་གསུམ་པར་ལས་ཀར་ཞུགས། ༡༩༧༥ལོའི་ཟླ་བ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུའུ་ཅན་དགེ་འོས་སློབ་ཆེན་དཔལ་འབྱོར་བཅའ་ཁྲིམས་སློབ་གླིང་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། པེ་ཅིན་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
图片
བློ་མཐུན་ཏེང་ཞུའེ་ཞང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཏེང་ཞུའེ་ཞང་ངོ་སྤྲོད་མདོར་བསྡུས།
   ཏེང་ཞུའེ་ཞང་། ཕོ། རྒྱ་རིགས།  ༡༩༦༢ལོའི་ཟླ་བ་དགུ་པར་སྐྱེས།  ཅང་སུའུ་ཞིང་ཆེན་ནན་ཐུང་བ་རེད།  ༡༩༨༢ལོའི་ཟླ་བ་བརྒྱད་པར་ལས་ཀར་ཞུགས།  ༡༩༨༤ལོའི་ཟླ་བ་བཅུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  ཧྥུའུ་ཏན་སློབ་ཆེན་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་ཆེད་སྦྱོང་ནས་སློབ་མཐར་ཕྱིན།  ལས་ཐོག་ཞིབ་མཇུག་སློབ་མའི་སྦྱངས་རབས་དང་།  གནས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ཡོད།  དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་རེད།
    ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
图片
བློ་མཐུན་ལི་ཞི་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལི་ཞི་ངོ་སྤྲོད་མདོར་བསྡུས།
    ལི་ཞི།  ཕོ།  རྒྱ་རིགས།  ༡༩༥༦ལོའི་ཟླ་བ་བཅུ་པར་སྐྱེས།   ཀན་སུའུ་ཞིང་ཆེན་ལིའང་ཏང་བ་རེད།  ༡༩༧༥ལོའི་ཟླ་བ་བདུན་པར་ལས་ཀར་ཞུགས།  ༡༩༨༢ལོའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  ནུབ་བྱང་དགེ་ཐོན་སློབ་གླིང་རྒྱ་ཡིག་སྡེ་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ནས་སློབ་མཐར་ཕྱིན།  སློབ་ཆེན་གྱི་སྦྱངས་རབས་དང་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་ཡོད།
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི།  ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
图片
  བློ་མཐུན་མ་ཞིན་རུའེ་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
 བློ་མཐུན་མ་ཞིན་རུའེ་ངོ་སྤྲོད་མདོར་བསྡུས།
   མ་ཞིན་རུའེ། ཕོ། རྒྱ་རིགས། ༡༩༥༩ལོའི་ཟླ་བ་བཅུ་པར་སྐྱེས། ཧྲན་ཏུང་ཡུན་ཁྲེང་བ་རེད། ༡༩༨༨ ལོའི་ཟླ་བ་གསུམ་པར་ལས་ཀར་ཞུགས་པ་དང་། ༡༩༨༨ ལོའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧ་ཨེར་པིན་བཟོ་ལས་སློབ་ཆེན་གྱི་འཕུར་སྐྱོད་འགུལ་ཤུགས་རིག་པའི་ཞིབ་འཇུག་ཁང་ནས་རྩ་བའི་ཤུགས་རིག་པའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན།  ཞིབ་འཇུག་སློབ་མའི་སྦྱངས་རབས་དང་བཟོ་རིག་འབུམ་རམས་པའི་བསླབ་གནས་ཡོད། དགེ་རྒན་ཆེན་མོ་རེད། 
    ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཆབ་སྲིད་ཨུ་ཡོན་དང་པོའི་འགན་བཞེས་ཡོད།
图片
བློ་མཐུན་ཝང་དབྱི་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཝང་དབྱི་ངོ་སྤྲོད་མདོར་བསྡུས།
     ཝང་དབྱི།  ཕོ། རྒྱ་རིགས།  ༡༩༥༣ལོའི་ཟླ་བ་བཅུ་པར་སྐྱེས།  པེ་ཅིན་བ་རེད།  ༡༩༦༩ལོའི་ཟླ་བ་དགུ་པར་ལས་ཀར་ཞུགས།  ༡༩༨༡ལོའི་ཟླ་བ་ལྔ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  པེ་ཅིན་ཕྱི་སྐད་སློབ་གླིང་གཉིས་པའི་ཡ་ཧྥེ་སྐད་བརྡའི་སྡེ་ཚན་ནས་སློབ་མཐར་ཕྱིན།  སློབ་ཆེན་གྱི་སྦྱངས་རབས་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  རྒྱལ་དོན་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་དབྱིན་ལི་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་དབྱིན་ལི་ངོ་སྤྲོད་མདོར་བསྡུས།
   དབྱིན་ལི།  ཕོ།  རྒྱ་རིགས།  ༡༩༦༢ལོའི་ཟླ་བ་བརྒྱད་པར་སྐྱེས།  ཧྲན་ཏུང་ཞིང་ཆེན་ལིན་དབྱི་བ་རེད།  ༡༩༨༧ལོའི་ཟླ་བ་དགུ་པར་ལས་ཀར་ཞུགས།  ༡༩༨༣ལོའི་ཟླ་བ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཨུ་རུ་སུའི་གསོ་རིག་ཚན་རིག་སློབ་གླིང་ཞེ་མཱ་ཧྲི་ཁེ་སྤྱི་ཚོགས་འཕྲོད་བསྟེན་དང་དཔལ་འབྱོར།  འཕྲོད་བསྟེན་ལས་དོན་དོ་དམ་ཞིབ་འཇུག་ཁང་གི་འཕྲོད་བསྟེན་དཔལ་འབྱོར་དང་འཕྲོད་བསྟེན་ལས་དོན་དོ་དམ་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན།  ཞིབ་འཇུག་སློབ་མའི་སྦྱངས་རབས་དང་།  གསོ་རིག་འབུམ་རམས་པའི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ཧྲི་ཐའེ་ཧྥེང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཧྲི་ཐའེ་ཧྥེང་ངོ་སྤྲོད་མདོར་བསྡུས།
    ཧྲི་ཐའེ་ཧྥེང་། ཕོ། རྒྱ་རིགས། ༡༩༥༦ལོའི་ཟླ་དགུ་པར་སྐྱེས། ཧྲན་ཞི་ཡུའུ་ཧྲེ་བ་རེད། ༡༩༧༤་ལོའི་ཟླ་ལྔ་པར་ལས་ཀར་ཞུགས། ༡༩༨༢་ལོའི་ཟླ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིན་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་གི་ཁྲིམས་རིག་པའི་རྨང་གཞིའི་རིགས་ལུགས་ཆེད་སྦྱོང་ནས་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་སྦྱང་རབས་དང་ཁྲིམས་རིག་པའི་རབ་འབྱམས་པའི་བསླབ་གནས་དང་། དགེ་རྒན་ཆེན་མོ་རེད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ལིའུ་ཀའོ་ཀྲུང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལིའུ་ཀའོ་ཀྲུང་ངོ་སྤྲོད་མདོར་བསྡུས།
   ལིའུ་ཀའོ་ཀྲུང་། ཕོ། རྒྱ་རིགས། ༡༩༦༢ལོའི་ཟླ་བདུན་པར་སྐྱེས། ཧེ་ལུང་ཅང་ཝང་ཁེའུ་བ་རེད། ༡༩༨༢་ལོའི་ཟླ་བརྒྱད་པར་ལས་ཀར་ཞུགས། ༡༩༨༦་ལོའི་ཟླ་བཅུ་གཅིག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  ཧ་ཨེར་པི་བཟོ་ལས་སློབ་ཆེན་གྱི་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་སྡེ་ཁག་གི་གནོན་བཙིར་ལས་སྣོན་གྱི་ཆེད་ལས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། ལག་རོགས་བཟོ་བཀོད་པ་རེད། 
    ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་ཡོད།
图片
 བློ་མཐུན་ལི་ཀན་ཅེ་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལི་ཀན་ཅེ་ངོ་སྤྲོད་མདོར་བསྡུས།
    ལི་ཀན་ཅེ། ཕོ། རྒྱ་རིགས། ༡༩༦༤ ལོའི་ཟླ་བ་བཅུ་གཅིག་པར་སྐྱེས།  ཧུའུ་ནན་ཁྲང་ཧྲ་བ་རེད། ༡༩༨༩ ལོའི་ཟླ་བ་བདུན་པར་ལས་ཀར་ཞུགས། ༡༩༨༤ལོའི་ཟླ་བ་བཅུ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་ཆེན་ཉིང་རྡུལ་ནུས་པ་ལག་རྩལ་ཞིབ་འཇུག་ཁང་ཉིང་རྡུལ་འགྱུར་འབྱུང་ཕུང་པོ་ལས་གཞི་དང་ཉེན་མེད་ཆེད་སྦྱོང་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་ཡོད་པ་དང་། མཐོ་རིམ་བཟོ་བཀོད་པ་རེད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་ཡོད།
图片
 བློ་མཐུན་ལི་ཧྲུའུ་ལའེ་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལི་ཧྲུའུ་ལའེ་ངོ་སྤྲོད་མདོར་བསྡུས།
   ལི་ཧྲུའུ་ལའེ། ཕོ། རྒྱ་རིགས། ༡༩༦༤ལོའི་ཟླ་བ་དང་པོར་སྐྱེས། ཧོ་ནན་ཡོན་དབྱང་བ་རེད། ༡༩༨༤ལོའི་ཟླ་བ་བཅུ་གཉིས་པར་ལས་ཀར་ཞུགས། ༡༩༨༦ལོའི་ཟླ་བ་དགུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིན་སློབ་ཆེན་རྒྱ་ཡིག་ཚན་ཁག་ཀྲུང་གོའི་དེང་རབས་རྩོམ་རིག་ཆེད་སྦྱོང་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཡོད་པ་དང་། དགེ་རྒན་ཆེན་མོ་རེད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་ལས་དོན་གྱི་པུའུ་ཀྲང་གཞོན་པའི་འགན་བཞེས་ཡོད།
图片
 བློ་མཐུན་ལི་ཧུང་ཀྲུང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལི་ཧུང་ཀྲུང་ངོ་སྤྲོད་མདོར་བསྡུས།
    ལི་ཧུང་ཀྲུང་། ཕོ། རྒྱ་རིགས། ༡༩༥༦་ལོའི་ཟླ་བ་བརྒྱད་པར་སྐྱེས། ཧྲན་ཏུང་ཁྲང་ལི་བ་རེད། ༡༩༧༥་ལོའི་ཟླ་བ་བརྒྱད་པར་ལས་ཀའི་ནང་ཞུགས། ༡༩༧༦ལོའི་ཟླ་བ་བཅུ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཅི་ལིན་སློབ་ཆེན་ལོ་རྒྱུས་སྡེ་ཚན་ལོ་རྒྱུས་རིག་པའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན། སློབ་ཆེན་གྱི་སྦྱངས་རབས་དང་། དཔལ་འབྱོར་མཁས་ཆེན་ཡིན།  
    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
图片
 བློ་མཐུན་ཧོ་ཝེ་ཏུང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཧོ་ཝེ་ཏུང་ངོ་སྤྲོད་མདོར་བསྡུས།
   ཧོ་ཝེ་ཏུང་། ཕོ། རྒྱ་རིགས། ༡༩༥༧ལོའི་ཟླ་བ་ལྔ་པར་སྐྱེས། ཅང་སུའུ་ཏུང་ཐའེ་བ་རེད། ༡༩༧༢ལོའི་ཟླ་བ་བཅུ་གཉིས་པར་དམག་ནང་ཞུགས། ༡༩༧༨་ལོའི་ཟླ་བ་བཅུ་གཅིག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སྦྱངས་རབས་ཡོད། 
    ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།། སྐམ་དམག་དམག་སྤྱིའི་གོ་རྟགས་ཡོད། 
图片
 བློ་མཐུན་ཧོ་ལི་ཧྥེང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཧོ་ལི་ཧྥེང་ངོ་སྤྲོད་མདོར་བསྡུས།
    ཧོ་ལི་ཧྥེང་། ཕོ། རྒྱ་རིགས། ༡༩༥༥ལོའི་ཟླ་བ་གཉིས་པར་སྐྱེས། ཀོང་ཏུང་ཞིང་ཉིང་བ་རེད། ༡༩༧༣ལོའི་ཟླ་བ་བརྒྱད་པར་ལས་ཀར་ཞུགས། ༡༩༨༡ལོའི་ཟླ་བ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞ་མོན་སློབ་ཆེན་ནོར་སྲིད་དངུལ་རྩ་ཚན་ཁག་གི་ནོར་སྲིད་རིག་པའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ཀྲང་ཡིའུ་ཞ་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཀྲང་ཡིའུ་ཞ་ངོ་སྤྲོད་མདོར་བསྡུས།
   ཀྲང་ཡིའུ་ཞ། ཕོ། རྒྱ་རིགས། ༡༩༥༠ལོའི་ཟླ་བ་བདུན་པར་སྐྱེས། ཧྲའན་ཞི་ཝེ་ནན་བ་རེད། ༡༩༦༨ལོའི་ཟླ་བ་བཅུ་གཉིས་པར་དམག་ནང་ཞུགས། ༡༩༦༩ལོའི་ཟླ་བ་ལྔ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། དམག་དོན་སློབ་གླིང་གཞི་རྩའི་ཚན་ཁག་ནས་སློབ་མཐར་ཕྱིན། ཆེད་ཚན་སློབ་ཆེན་གྱི་སྦྱངས་རབས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པ་དང་། རྐང་དམག་གི་ཧྲང་ཅང་དམག་མིའི་གོ་རྟགས་ཡོད།
图片
 བློ་མཐུན་ཀྲང་གོ་ཆིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཀྲང་གོ་ཆིང་ངོ་སྤྲོད་མདོར་བསྡུས།
    ཀྲང་གོ་ཆིང་། ཕོ། རྒྱ་རིགས། ༡༩༦༤ལོའི་ཟླ་བརྒྱད་པར་སྐྱེས། ཧོ་ནན་ལོ་ཧྲན་བ་རེད། ༡༩༨༥ལོའི་ཟླ་དགུ་པར་ལས་ཀར་ཞུགས། ༡༩༨༤ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གི་གྲངས་ཀའི་དཔལ་འབྱོར་རིག་པའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས། ཞིབ་འཇུག་པ་རིམ་པའི་མཐོ་རིམ་བཟོ་བཀོད་པ་རེད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ལིའོ་ཉིང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་ཡོད།
图片
 བློ་མཐུན་ཁྲེན་ཝུན་ཆིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཁྲེན་ཝུན་ཆིང་ངོ་སྤྲོད་མདོར་བསྡུས།
   ཁྲེན་ཝུན་ཆིང་། ཕོ། རྒྱ་རིགས། ༡༩༦༠ལོའི་ཟླ་དང་པོར་སྐྱེས། སི་ཁྲོན་རིན་ཧྲོའུ་བ་རེད། ༡༩༨༤ལོའི་ཟླ་བདུན་པར་ལས་ཀར་ཞུགས། ༡༩༨༣ལོའི་ཟླ་གསུམ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་བཅའ་ཁྲིམས་སྡེ་ཚན་བཅའ་ཁྲིམས་ཆེད་སྦྱོང་ནས་སློབ་མཐར་ཕྱིན། སློབ་ཆེན་སྦྱངས་རབས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་། ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ཁྲེང་ཅི་ཉིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཁྲེང་ཅི་ཉིང་ངོ་སྤྲོད་མདོར་བསྡུས།
    ཁྲེང་ཅི་ཉིང་། ཕོ། རྒྱ་རིགས། ༡༩༦༤ལོའི་ཟླ་བ་གཉིས་པར་སྐྱེས། ཅི་ལིང་ལི་ཧྲུའུ་བ་རེད། ༡༩༩༨ལོའི་ཟླ་བ་བཞི་པར་ལས་ཀའི་ནང་ཞུགས། ༡༩༨༤ལོའི་ཟླ་བ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། དབྱིན་ཇིའི་བཙན་རྒྱལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ས་ཤིང་བཟོ་བཀོད་ཚན་ཁག་གི་ཁོར་ཡུག་མ་ལག་དབྱེ་ཞིབ་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བཟོ་བསྐྲུན་སློབ་ཚན་གྱི་འབུམ་རམས་པའི་བསླབ་གནས་བླངས་པ་དང་། དགེ་རྒན་ཆེན་མོ་ཡིན། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་འགོ་འཛིན་གྱི་འགན་བཞེས། ༢༠༢༢ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཡོད།
图片
 བློ་མཐུན་ཁྲེང་རྨིན་ཨེར་གྱི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཁྲེང་རྨིན་ཨེར་ངོ་སྤྲོད་མདོར་བསྡུས།
   ཁྲེང་རྨིན་ཨེར། ཕོ། རྒྱ་རིགས། ༡༩༦༠ལོའི་ཟླ་བ་དགུ་པར་སྐྱེས། ཀྲེ་ཅང་ཀྲུའུ་ཅི་བ་རེད། ༡༩༨༡ལོའི་ཟླ་བ་བརྒྱད་པར་ལས་ཀར་ཞུགས། ༡༩༨༢ལོའི་ཟླ་བ་དགུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
图片
 བློ་མཐུན་ཡོན་ཅ་ཅུན་གྱི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཡོན་ཅ་ཅུན་ངོ་སྤྲོད་མདོར་བསྡུས།
    ཡོན་ཅ་ཅུན། ཕོ། རྒྱ་རིགས། ༡༩༦༢་ལོའི་ཟླ་དགུ་པར་སྐྱེས། ཅི་ལིན་ཐུང་ཧྭ་བ་རེད། ༡༩༨༧ལོའི་ཟླ་བདུན་པར་ལས་ཀར་ཞུགས། ༡༩༩༢་ལོའི་ཟླ་བཅུ་གཅིག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་པུའུ་ཡི་ཞིབ་འཇུག་གླིང་ལྔ་བའི་ལྔ་ཐིག་གཅིག་པུའུ་ཡི་བར་སྣང་འཕུར་སྐྱོད་ཆས་ཇུས་འགོད་ཆེད་སྦྱོང་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། བཟོ་ལས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། ཞིབ་འཇུག་པ་ཡིན། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ཧོང་ཁུན་མིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཧོང་ཁུན་མིང་ངོ་སྤྲོད་མདོར་བསྡུས།
    ཧོང་ཁུན་མིང་། ཕོ། རྒྱ་རིགས། ༡༩༥༦ལོའི་ཟླ་བཅུ་གཅིག་པར་སྐྱེས། ཧྥུའུ་ཅན་ཧྲང་ཧང་བ་རེད། ༡༩༧༤ལོའི་ཟླ་བཅུ་གཉིས་པར་ལས་ཀར་ཞུགས། ༡༩༧༦་ལོའི་ཟླ་བཅུ་བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིན་ཧྭ་སློབ་ཆེན་གྱི་སྤྱི་པའི་དོ་དམ་སློབ་གླིང་གི་སྤྱི་པའི་དོ་དམ་ཆེད་སྦྱོང་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད། 
     ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་ཡོད།
图片
 བློ་མཐུན་ལིའུ་ཅིན་གོ་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ལིའུ་ཅིན་གོ་ངོ་སྤྲོད་མདོར་བསྡུས།
    ལིའུ་ཅིན་གོ།    ཕོ། རྒྱ་རིགས། ༡༩༥༥ལོའི་ཟླ་བཞི་བར་སྐྱེས། ཧོ་པེ་ཁྲང་ལི་བ་རེད། ༡༩༧༦ལོའི་ཟླ་བ་བཅུ་གཉིས་པར་ལས་ཀར་ཞུགས། ༡༩༧༥་ལོའི་ཟླ་དགུ་བར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། རིམ་པ་དང་པོའི་སྤྱི་ཁྱབ་ལྟ་ཞིབ་དཔོན་པོ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།
图片
 བློ་མཐུན་ཝང་ཞའོ་ཧུང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།
བློ་མཐུན་ཝང་ཞའོ་ཧུང་ངོ་སྤྲོད་མདོར་བསྡུས།
    ཝང་ཞའོ་ཧུང་། ཕོ། རྒྱ་རིགས། ༡༩༥༧་ལོའི་ཟླ་བདུན་པར་སྐྱེས། ཧྥུའུ་ཅན་ཧྥུའུ་ཀྲོའུ་བ་རེད། ༡༩༧༤་ལོའི་ཟླ་བདུན་པར་ལས་ཀར་ཞུགས། ༡༩༨༢ལོའི་ཟླ་བཅུ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་བསླབ་གནས་ཡོད། 
     ད་ལྟར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྤྱི་བདེ་པུའུ་ཡི་པུའུ་ཀྲང་། ཏང་ཨུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་བཅས་ཀྱི་འགན་བཞེས་ཡོད།