ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་10པའི་ཚེས་16ཉིན་གྱི་ཕྱི་དྲོ་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཚོགས་འདུ་འཚོགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་འཆར་ཟིན་འགོད་པའི་ལས་དོན་སྐོར་གྱི་གསལ་བཤད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཟླ་10བའི་ཚེས་17ཉིན།  ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་གྲོས་ཚོགས་བསྡུས་ཏེ།  མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་སློབ་སྦྱོང་གཏིང་ཟབ་དང་གྲོས་བསྡུར་ནན་ཏན་བྱས་ཡོད།  

       བློ་མཐུན་ཀུའོ་ཧྲེང་ཁུན་གྲོས་བསྡུར་ནང་ཞུགས་ཡོད།    ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པའམ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ཝང་ཡུས་པོའོ།  འཐུས་མི་ཚོགས་པའི་དྲུང་ཆེན།   ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཡུས་ཀང་བཅས་ཚོགས་ཞུགས་གནང་ཡོད།


      འཐུས་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད། ད་ལྟ་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་།  ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་འཕེལ་རྒྱས་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་བཀོད་ཡོད།  དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་འགན་དང་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད། ཚང་མས་སྙན་སྒྲོན་དེ་གཟིགས་རྒྱང་རིང་བ་དང་ཁྱོན་ཡོངས་ལ་དམིགས་ཡོད་པ།  དར་ཆ་བསྒྲེངས་ཏེ་ཁ་ཕྱོགས་གཏན་འཁེལ་དང་།  སྔ་འཛིན་ཕྱི་གཏོད།   མི་སེམས་ལ་སྐུལ་མ་ཐེབས་པ་བཅས་བྱས་པར་རྦད་དེ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། གྲོས་བསྡུར་བྱེད་སྐབས་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སྙན་ཞུའི་མྱོང་ཚོར་ལྷུག་པོར་གླེང་བ་རེད།


     འཐུས་མི་ཚོས་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དེ་ང་ཚོ་ཐུན་མོང་ཐོག་བརྒྱུད་མྱོང་བས་ཧ་ཅང་དགའ་པོ་བྱུང་ལ་སྤོབས་སེམས་ཀྱང་སྐྱེ་གི་འདུག་ཅེས་བསྟན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་དེ་བས་སྤྲོ་སེམས་འཕེལ་བ་དང་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་བློའི་འཁྱེར་ཕྱོགས་ཐོག་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ།“གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ལྷག་པའི་སྒོ་ནས་གོ་བ་ཟབ་མོ་ལེན་པ་དང་།“འདུ་ཤེས་བཞི་”ཇེ་དྲག་དང་།“གདེང་ཚོད་བཞི་”ཇེ་བརྟན།“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་ནན་ཏན་དང་།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་འབེན་དང་ལས་འགན་ཁག་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རང་རང་སོ་སོའི་ལས་གནས་ཐོག་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གསར་དུ་གཏོད་པར་བརྩོན་རྒྱུ་ཡིན།   ཡུན་ནན་གྱི་སྤུས་ཚད་མཐོ་ཞིང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན་ནས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།