བདེ་ཆེན་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་མཛད་སྒོ་ལ་བལྟས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན་གྱི་སྔ་དྲོ་རང་ཁུལ་གྱི་ལས་བྱེད་ལས་པ་དང་ལས་བཟོ་བས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འགོ་ཚུགས་པའི་ཐད་གཏོང་ལ་བལྟས་ཡོད།   བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཕུལ་བའི་སྙན་སྒྲོན་ལ་བདེ་ཆེན་མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་དུ་ཚུར་སྣང་གི་ལན་ཆ་ཆེན་པོ་བྱུང་ཡོད།

        ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་དུ་ཀྲང་ཝུའེ་ཏུང་དང་། ལི་ཡན་ལན། ཕེང་ཧྲན། ཡུས་ཧྲེང་ཞང་། མེའོ་ཡིའུ་ཧྥ་སོགས་རང་ཁུལ་གྱི་འགོ་ཁྲིད་བཞུགས་ཡོད་པ་དང་། ཁུལ་ཐད་གཏོགས་སྡེ་ཚན་དང་ཞིང་ཆེན་ཁོངས་གཏོགས་ཁུལ་སྡོད་ཚན་པའི་འགན་འཁུར་བས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འགོ་ཚུགས་ཚོགས་འདུར་གཅིག་གྱུར་ཐོག་བལྟས་ཡོད། བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་སེམས་འགུལ་ཞིང་།  བློ་མཐུན་ཞི་ཅིན་ཕིང་གིས་གསོན་ཉམས་ལྡན་པའི་གསུང་བཤད་གནང་བ་དང་བསྟུན་ནས་ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།  

        ཉིན་དེར་ཁུལ་ཡོངས་ཀྱི་ལས་རིགས་ཁག་དང་། སྡེ་ཚན་ཁག    ཤང་དང་གྲོང་རྡལ་ཁག་གི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འགོ་ཚུགས་པའི་ཐད་གཏོང་ལ་བལྟས་ཡོད།  

   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཚོམས་ཆེན་དུ་གྲོང་ཁྱེར་ཡོངས་ཀྱི་ཚན་ཁག་བཞིའི་འགོ་ཁྲིད་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་བ་སྔ་པོ་ནས་ཚོགས་རར་འཛོམས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་ཚོགས་འདུའི་བརྙན་འཕྲིན་ཐད་གཏོང་ལ་བལྟས་ཡོད།  ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཐད་གཏོང་ལ་ལྟ་ཞོར་ཟིན་བྲིས་ཀྱང་བཀོད་ཡོད།   ཚང་མས་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།   ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་གཏིང་ཟབ་དང་།  གོ་བ་གཏིང་ཟབ་ལེན་པ།  སེམས་ལ་ཟུག་རྒྱུའི་བསམ་འདུན་བསྟན་ཡོད་ལ།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་སྣེ་ཁྲིད་ནས་ཁུལ་ཡོངས་ཀྱི་ཚན་པ་ཁག་གི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།   

         འཇོལ་རྫོང་གི་ཏང་ཡོན་ལས་བྱེད་པས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཚོམས་ཆེན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་ལ་ལྟ་ཉན་བྱས་ཡོད།  


        འབའ་ལུང་རྫོང་གི་ཏང་ཡོན་ལས་བྱེད་པས་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཚོམས་ཆེན་དུ་འགོ་ཚུགས་མཛད་སྒོར་གཟིགས་ཡོད།