མཁའ་དབྱིངས་ནས་མཐོང་བའི་གཙང་གསུམ་འབྱུང་ཡུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-14   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

མཁའ་དབྱིངས་ནས་མཐོང་བའི་གཙང་གསུམ་འབྱུང་ཡུལ།

        --པར་པ་དབང་འདུས་ཀྱིས་བསྐྱོན་པའི་གཙང་གསུམ་འབྱུང་ཡུལ་གྱི་འདྲ་པར་བདམས་བཀོད།

        པར་པ་དབང་འདུས་ནི1965ལོའི་ཟླ3པར་མཚོ་སྔོན་ཡུལ་ཤུལ་དུ་སྐྱེས། 1983ལོའི་ཟླ7པར་ལས་ཀར་ཞུགས། ད་ལྟ་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་མཐོ་རིམ་དགེ་རྒན་གྱི་འགན་བཞེས་ཡོད་ལ། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཡུལ་ཤུལ་ཁུལ་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཡུལ་ཤུལ་ཁུལ་པར་ལེན་མཐུན་ཚོགས་གྱི་ཀྲུའུ་ཞི་གཞོན་པ། ཡུལ་ཤུལ་ཁུལ་གེ་སར་ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས《འོད་གྲིབ་སློབ་མའི་རོགས་སྐྱོར་ལས་གྲྭ》སྤྱི་ཕན་པར་ལེན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་པར་ལེན་ཆེད་རྩོམ་བདག་དབང་མཐུན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ཡུལ་སྐོར་པར་ལེན་དྲ་བའི་ཚོགས་མི། མཚོ་སྔོན་ཞིང་ཆེན་སྐབས་ལྔ་པའི“ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན”རིག་རྩལ་ལས་དོན་པ་བཅས་ཀྱི་འགན་བཞེས་ཡོད། །