མ་ཉལ་གོང་གོམས་གཤིས་འདི་རིགས་ངེས་པར་དུ་སྤོང་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-12   རྩོམ་ཁུངས།    医学常识平台

        དང་པོ། བསམ་བློ་མང་པོ་གཏོང་རྒྱུ་མེད།

        གལ་ཏེ་ཁྱེད་རང་ལ་མཚན་ལས་བྱེད་པའི་གོམས་གཤིས་ཡོད་ཚེ། དཀའ་ལས་ཁག་པ་དང་རྙོག་འཛིང་ཆེ་བའི་ལས་ཀ་དག་སྔོན་ལ་བྱས་ཏེ། ཉལ་ཁར་ཀླད་པར་ངལ་གསོ་ཡག་པོ་ཐེབས་པ་བྱེད་དགོས། འདི་འདྲ་བྱས་ན་གཉིད་ཁུག་བདེ་པོ་ཡོད། གལ་སྲིད་ཉལ་ཁར་དཀའ་ལས་ཁག་དྲགས་ན་གཉིད་ཁུག་ཁག་པ་མ་ཟད། ཡུན་རིང་སོང་ཚེ་གཉིད་མི་ཁུག་པའི་ནད་ཀྱང་ཕོག་སྲིད།

        གཉིས་པ། ལྟོ་ཆས་མང་པོ་ཟ་རྒྱུ་མེད།

        ཉལ་ཁར་ལྟོ་ཆས་མང་པོ་ཟ་རྒྱུ་མེད། གལ་སྲིད་མང་དྲགས་ཚེ། ཕོ་བས་འཇུ་དཀའ་བས། རྟག་ཏུ་རྨི་ལམ་གཏོང་བ་དང་གཉིད་ཀྱང་ཁུག་ཁག་པོ་ཡོད། 

        གསུམ་པ། ཁ་པར་བརྩེས་ནས་ཡུན་རིང་སྡོད་རྒྱུ་མེད།

        ཉིན་མོར་ལས་ཀ་དང་སློབ་སྦྱོང་གི་བྲེལ་བ་ཆེ་བས། ཉལ་ཁར་ཁ་པར་ནས་གསར་འགྱུར་དང་ཆོབ་ཚ་བའི་བརྙན་ཐུང་སོགས་བལྟས་ན་ཀླད་པར་ངལ་གསོ་ཡག་པོ་ཐེབས་སྲིད། འོན་ཀྱང་ཁ་པར་རྩེད་ཡུན་རིང་ཚེ་མིག་ཙམ་མ་ཟད། གཟུགས་པོར་ཡང་གནོད་འཚེ་ཧ་ཅང་ཆེན་པོ་ཡོད། 

        བཞི་པ། ཉལ་ཁར་ཆུ་མང་པོ་འཐུང་རྒྱུ་མེད།

        ཉལ་ཁར་ཆུ་མང་པོ་འཐུང་རྒྱུ་མེད། ལྷག་པར་དུ་ནམ་ཕྱེད་ལ་གཅིན་པ་གཏོང་བའི་གོམས་གཤིས་ཡོད་པའི་མི་རྣམས་ཀྱིས་ཉལ་ཁར་ཆུ་མང་པོ་བཏུང་ན། གཉིད་ཡག་པོ་ཁུག་མི་ཐུབ་ལ་ཀླད་པར་ཡང་ངལ་གསོ་ཡག་པོ་ཐེབས་མི་སྲིད། 

        ལྔ་པ། ཉལ་ཁར་སེམས་ལ་ཕོག་ཐུག་ཡོང་བའི་དེབ་དང་གློག་བརྙན་ལྟ་རྒྱུ་མེད།

        རྒྱུན་དུ་ཉལ་ཁར་སྐྱི་གཡའ་བའི་གློག་བརྙན་དང་སྒྲུང་དེབ་མང་པོ་བལྟས་ཚེ། ཀླད་པར་ངལ་གསོ་ཡག་པོ་ཐེབས་ཀྱི་མེད་ལ་སེམས་ལ་འཇིགས་སྣང་དང་དངངས་སྐྲག་ཆེན་པོ་སྐྱེ་སྲིད་པས། རབ་བྱུང་ན་དེ་རིགས་ཉུང་ཙམ་ལྟ་དགོས། །